བཅོས་བསྒྱུར་དང་འཕེལ་རྒྱས་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ཚུད་ཀྱི་མ་དངུལ་སྒོར་དུང་ཕྱུར24.5གཤམ་སྤྲོད་བྱས་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། རྒྱལ་ཁབ་འཕེལ་བསྒྱུར་དང་བཅོས་འགྱུར་ཨུ་ལྷན་གྱིས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ཆེད་དམིགས་ཀྱི2020ལོའི་ཁག་དང་པོའི་ཀྲུང་དབྱང་སྔོན་རྩིས་ནང་ཚུད་ཀྱི་མ་དངུལ་སྒོར་དུང་ཕྱུར་24.5གཤམ་སྤྲོད་བྱས་པ་དང་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་དང་ཚད་གཞི་མཐོ་བའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།

 ཐེངས་འདིའི་རྣམ་གྲངས་ཐད་མ་དངུལ་བཀོད་སྒྲིག་བྱེད་སྐབས། གཅིག་ནས་མིག་སྔའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་གསར་པའི་འགོག་སྲུང་རྒྱུན་གཏན་ཅན་དུ་འགྱུར་བའི་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་ཞུང་ཨན་ཁུལ་གསར་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་བཙོག་ཆུ་དང་གད་སྙིགས་གཙང་བཟོ་བྱེད་པའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པ་དང་། གཉིས་ནས་ཁུལ་གསར་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཞིགས་ནས་འགོ་འཛུགས་ཁུལ་དང་འགོ་ཚུགས་ཁུལ་གྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། གསུམ་ནས“སྔོན་ལ་ས་འོག་དང་། རྗེས་སུ་ས་ཐོག”གིརྩ་དོན་གཞིར་བཟུང་ནས་ཆུ་འདྲེན་མདོང་ལམ་དྲ་བ་དང་། དྲོད་རླངས་མཁོ་འདོན། འབར་རླངས་སྒྲིག་བཀོད་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། བཞི་ནི་ཁུལ་གསར་ནང་ཁུལ་ནས་ཐད་ཀར་ཞུང་ཨན་མྱུར་བགྲོད་ལྕགས་ལམས་ས་ཚིགས་སུ་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད། སླད་ཕྱིན་རྒྱལ་ས་མ་ཡིན་པའི་ས་ཁུལ་དུ་བྱེད་ནུས་ཁ་འགྲེམས་བྱ་ཆེད་འབྲེལ་ཡོད་བགྲོད་ལམ་བཟོ་སྐྲུན་གྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བཅས་རེད།

རྗེས་ཕྱོགས་སུ། རྒྱལ་ཁབ་འཕེལ་བསྒྱུར་དང་བཅོས་བསྒྱུར་ཨུ་ལྷན་གྱིས་ཞུང་ཨན་ཁུལ་གསར་གྱི་བཟོ་སྐྲུན་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུ་དང་། དུས་ཐོག་ཏུ་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱ་རྒྱུ་དང་ཁུལ་གསར་འཛུགས་སྐྲུན་བྱེད་པའི་མ་དངུལ་དང་སྲིད་ཇུས་ཐད་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།