ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མའོ་ནན་རིགས་ཡོངས་ཁྱབ་ཏུ་དབུལ་ཐར་བྱས་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་ནན་རིགས་ཡོངས་ཁྱབ་ཏུ་དབུལ་ཐར་བྱས་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་གསུངས་རྒྱུར། མའོ་ནན་རིགས་ཡོངས་ཁྱབ་ཏུ་དབུལ་ཐར་བྱས་པ་དང་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་མངོན་གསལ་བྱས་པ་ཤེས་རྗེས། ང་རང་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་སྐབས་མི་རིགས་གཅིག་ཀྱང་བསྐྱུར་མི་སྲིད། ཉེ་བའི་ལོ་འགའི་རིང་ལ། གྲངས་ཉུང་མི་རིགས་གང་མང་སྔ་གཞུག་ཏུ་དབུལ་ཐར་བྱས་པ་ནི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དབུལ་ཐར་བྱ་བ་དེ་སྔར་ལས་མཛེས་པའི་འཚོ་བ་གསར་བའི་འགོ་ཚུགས་ས་གསར་བ་བྱས་ཏེ། ཡང་འབད་བསྐྱར་འབད་དང་མུ་མཐུད་དུ་འབད་བརྩོན་བྱས་ནས། འཚོ་བ་སྔར་ལས་སྐྱིད་པོ་རོལ་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གནད་འགག་དུས་སྐབས་སུ་སླེབས་ཡོད་པས། ཚང་མས་ཡིད་ཆེས་ཆེར་བསྐྱེད་བྱེད་པ་དང་ཏན་ཏན་ཏིག་ཏིག་སྒོས་བྱ་བ་བསྒྲུབ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ཁྱད་སེལ་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དབུལ་ཐར་བྱ་བ་བཟང་བོར་བསྒྲུབ་དགོས་ལ། བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། སྤུས་ཚད་ལེགས་པའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པ་འགན་སྲུང་བྱེད་དགོས་པར་མ་ཟད། དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཆེན་པོ་ལེན་པར་འབད་བརྩོན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།