ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ལེ་སི་ཐན་གྱིས་ཨ་རི་དང་དབྱི་སི་རལ་དབར་བཞག་པའི་གྲོས་མཐུན་ཚང་མ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས19ཉིན་གྱི་དགོང་མོ་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཨ་རི་དང་དབྱི་སི་རལ་དབར་བཞག་པའི་གྲོས་མཐུན་ཚང་མ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།

དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱེད་པའི་འཆར་གཞིར་དམིགས་ཏེ། ཕ་ལེ་སི་ཐན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོའི་འགོ་ཁྲིད་པས་དེ་ཉིན་གྱི་དགོང་མོ་ཛ་དྲག་ཚོགས་འདུ་བསྡུས་ཤིང་། ཨ་པ་སིས་ཚོགས་འདུ་གྲོལ་རྗེས་གསུང་བཤད་གནང་ནས་བཤད་རྒྱུར། དེ་རིང་ནས་བཟུང་ཕ་ལེ་སི་ཐན་གྱིས་ཨ་རི་དང་དབྱི་སི་རལ་དབར་བཞག་པའི་གྲོས་མཐུན་ཚང་མ་ལག་བསྟར་བྱེད་མཚམས་བཞག་པ་དང་། དེ་བཞིན་གྲོས་མཐུན་དེ་དག་གི་འོས་འགན་མཐའ་དག་ལ་གཞིགས་ནས་དེའི་ནང་བདེ་འཇགས་ཀྱི་འོས་འགན་ཚུད་ཡོད་ཟེར།

ཨ་པ་སིས་བཤད་རྒྱུར།རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས། ལྷག་པར་དུ། 1949ལོའི《རི་ནེ་ཝའི་སྤྱི་ཆིངས་བཞི་པ》བཅས་གཞིར་བཟུང་ནས་བཤད་ན། དབྱི་སི་རལ་ནི་བཙན་འཛུལ་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རང་གིས་བཙན་བཟུང་བྱས་པའི་ས་རུ་ཡོད་པའི་ཕ་ལེ་སི་ཐན་གྱི་མི་སེར་དང་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་པ་ངེས་གཏན་ཡིན་ལ། ཕ་ལེ་སི་ཐན་གྱི་མི་སེར་ལ་ཐུན་མོང་ཐོག་ཆད་པ་གཅོད་རྒྱུ་གཏན་འགོག་བྱེད་དགོས། བཙན་བཟུང་བྱས་པའི་མངའ་ཁོངས་སུ་ཐོན་ཁུངས་བརྐུ་ཁྱེར་དང་ས་ཞིང་བདག་གིར་འཛིན་པའི་སྤྱོད་ལམ་གཏན་འགོག་བྱ་དགོས་ཟེར། ཁོས་མུ་མཐུད་དུ་བཤད་རྒྱུར། དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱི་བྱ་སྤྱོད་དེ《རི་ནེ་ཝའི་སྤྱི་ཆིངས་བཞི་པ》ལས་ཚབས་ཆེར་འགལ་ནས་དམག་འཁྲུག་གི་ཉེས་པ་བསགས་ཡོད་ཟེར།

དབྱེ་ཞིབ་མི་སྣས་བལྟས་ན། ཨ་པ་སིས་གསུང་བཤད་གནང་སྐབས་ཕ་ཁི་སི་ཐན་ཕྱོགས་ཀྱིས“བདེ་འཇགས་འོས་འགན”ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་པར་བཤད་པ་དེའི་ཐོག་ནས། ཕ་ཁི་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་དང་ཨ་རི་དབར་གྱི་བདེ་འཇགས་མཉམ་ལས་མཚམས་འཇོག་བྱ་རྒྱུའི་སེམས་ཐག་བཅད་པ་མཚོན་ཡོད། དེང་སྐབས། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བདེ་འཇགས་དམག་དཔུང་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཚོད་འཛིན་བྱས་པའི་ཅོར་ཏན་གཙང་པོའི་ནུབ་འགྲམ་ས་ཁུལ་དུ་ཡུན་རིང་མཉམ་ལས་བྱས་ནས་ས་གནས་དེ་གའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཡོད། ཕ་ལེ་སི་ཐན་གྱིས་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུའུ་དབར་གསང་འཕྲིན་མཉམ་ལས་གྲོས་མཐུན་བཞག་ནས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གསང་འཕྲིན་མཉམ་སྤྱོད་བྱས་ཡོད། གལ་ཏེ་དངོས་གནས་ཕ་ཁི་སི་ཐན་ཕྱོགས་ཀྱིས“བདེ་འཇགས་འོས་འགན”ལག་བསྟར་བྱེད་མཚམས་བཞག་པ་ཡིན་ན། ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་བདེ་འཇགས་ཀྱི་བར་སྟོང་ཐོན་རྒྱུ་ཡིན་པ་མཚོན་ཡོད། མིག་སྔར་མགོ་གནོན་ཐེབས་པའི་སྟོབས་ཤུགས་ཏེ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)དང་། ཕ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས(ཅེ་ཧ་ཏེ)སོགས་ཕྱོགས་ཁག་བསྐྱར་དུ་ཐོན་སྲིད། ཕ་ལེ་སི་ཐན་དང་དབྱི་སི་རལ་སླར་ཡང་གཏུམ་སྤྱོད་ཀྱིས་གཏུམ་སྤྱོད་ལ་ཡ་ལན་སྤྲོད་པའི་ལམ་སྲོལ་རྙིང་བར་ལོག་སྲིད་ཟེར།

ཟླ4པའི་ཚེས20ཉིན། དབྱི་སི་རལ་གྱི་སྲིད་ཏང་ཆེན་པོ་གཉིས་ཏེ། ལི་ཁུའུ་ཏེ་ཚོགས་ཁག་དང་ལན་པའེ་ཏང་གཉིས་ཀྱིས་མཉམ་འབྲེལ་སྲིད་གཞུང་གི་གྲོས་མཐུན་བཀོད་པའི་ནང་། ཟླ7པའི་ཚེས1ཉིན་ནས་བཟུང་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྱི་ས་ཁུལ་ཁ་ཤས་ཁྱུར་མིད་གཏོང་བའི་འཆར་གཞི་བཟོས། ལི་ཁུའུ་ཏི་ཚོགས་པའི་འགོ་ཁྲིད་པ་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་མ་འོངས་ཟླ་ཤས་ནང་ཅོར་ཏན་གཙང་པོའི་བྲག་རོང་དང་ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་ཡིའུ་ཐའེ་བའི་གཞིས་ཆགས་ས་ཆར་བདག་དབང་ལག་བསྟར་བྱ་རྒྱུ་ཡིན་ཟེར། ཨ་རིའི་རྒྱལ་སྲིད་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཟླ་འདིའི་ཚེས13ཉིན་དབྱི་སི་རལ་ལ་གནས་སྐབས་འཚམས་འདྲི་གནང་སྐབས། “འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཆར་གཞི་གསར་པ”ཟེར་བར་སྐུལ་འདེད་གང་མགྱོགས་གཏོང་དགོས་པའི་རེ་འབོད་བཏོན་ཡོད།

ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ད་ལོའི་ཟླ་དང་པོའི་ཟླ་མཇུག་ཏུ། “འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཆར་གཞི་གསར་པ”ཞེས་པ་ཁྱབ་བསྒྲགས་བྱས་ནས། ལངས་ཕྱོགས་དེས་ཡེ་ལུའུ་ས་ལེམ་གྱི་ཁོངས་གཏོགས་དང་ཡིག་ཐའེ་བ་གཞིས་ཆགས་གནས་ཀྱི་ཁྲིམས་མཐུན་རང་བཞིན་སོགས་གནད་དོན་གལ་ཆེན་ཐད་དབྱི་སི་རལ་གྱི་ཕྱོགས་ལ་ཕྱོགས་ཞེན་བྱས་ཡོད་པར་མ་ཟད། ཕ་ལེ་སི་ཐན་ཕྱོགས་ཀྱི་སེམས་ཁུར་སྣང་མེད་དུ་བཞག་ཡོད།  དབྱི་སི་རལ་ཕྱོགས་ཀྱིས་འཆར་གཞི་དེར་དགའ་བསུ་ཞུས་པ་དང་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཁས་མ་བླངས།  “འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཆར་གཞི་གསར་པ”ཁྱབ་བསྒྲགས་བྱས་རྗེས། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ས་ཁུལ་གྱི་ཛ་དྲག་དུས་བབ་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་ཕྱིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།