ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་འཇོག་ཚད་ཆེ་རུ་གཏོང་བར་དགའ་བསུ་ཞུ་བ་དང་མཉམ་ལས་བྱེད་པའི་ཁས་ལེན་སྔར་བཞིན་འགྱུར་མི་སྲིད་ཅེས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས19ཉིན། ཧོ་ཉི་ཝེར་ཀུང་སིའི་གསར་དར་ཁྲོམ་རའི་སྤྱི་ཁྱབ་པུའུ་དང་གསར་གཏོད་ལྟེ་གནས་བཙུགས་པའི་མཛད་སྒོ་ཝུའུ་ཧན་ཏུང་ཧུའུ་ལག་རྩལ་གསར་སྤེལ་ཁུལ་དུ་འཚོགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ལིས་ཁི་ཆིང་གིས་བཤད་རྒྱུར། ཧོ་ཉི་ཝེར་ཀུང་སིས་ཀྲུང་གོའི་འཛན་སྤྱོད་ཁྲོམ་ར་དང་ཐོན་སྐྱེད་གནས་གཞིར་མཐོང་ཆེན་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཡུན་རིང་མཉམ་ལས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་གིས་གོང་འཕེལ་འགྲོ་བ་མངོན་འགྱུར་བྱུང་ཡོད།  གསར་དར་ཚོང་རའི་སྤྱི་ཁྱབ་པུའུ་དང་གསར་གཏོད་ལྟེ་གནས་ཀྱི་རྣམ་གྲངས་ཞིབ་འཇུག་གསར་སྤེལ་དང་རིག་ནུས་ཅན་དང་བདེ་འཇགས་ཅན་དུ་འགྱུར་བ་དང་། མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་དང་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ཐོན་སྐྱེད་བྱེད་པར་རེ་སྒུག་བྱེད་བཞིན་ཡོད། ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་འཚོ་བ་ལེགས་བཅོས་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་རོགས་རམ་བྱེད་དགོས་ཞེས་གསུངས།

ལིས་ཁི་ཆང་གིས་བསྟན་དོན།  རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཀྱི་མདུན་དུ། ཀྲུང་གོའི་སྲིད་གཞུང་གིས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པའི་ཆོད་སེམས་འགྱུར་མི་སྲིད་ལ། ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་འཇོག་ཚད་ཆེ་རུ་གཏོང་བར་དགའ་བསུ་ཞུ་བ་དང་མཉམ་ལས་བྱེད་པའི་ཁས་ལེན་ལས་དོན་སྔར་བཞིན་འགྱུར་མི་སྲིད་དེ། མུ་མཐུད་དུ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་དང་རྒྱལ་ཁབ་ཕྱི་ནང་གི་མ་འཇོག་ཁེ་ལས་ལ་ཕྱོགས་རིས་མེད་པའི་ལྟ་སྟངས་འཛིན་རྒྱུ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བའི་གོ་སྐབས་དམ་འཛིན་བྱས་ནས། སྔར་ལས་ལེགས་པར་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།