ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པེ་ཅིན་ཚན་རྩལ་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་ཕ་ཁི་སི་ཐན་གྱི་སློབ་མ་ཡོངས་ལ་འཕྲིན་ལན་བསྐུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཚན་རྩལ་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་ཕ་ཁི་སི་ཐན་གྱི་ཕྱི་སྦྱོང་སློབ་མ་ཡོངས་ལ་འཕྲིན་ལན་བསྐུར་ཏེ། རྒྱལ་ཁབ་སོ་སོའི་ཕྱི་སྦྱོང་སློབ་མ་ཀྲུང་གོར་ཡོང་ནས་སློབ་སྦྱོང་བྱེད་པར་དགའ་བསུ་ཞུས་པ་དང་། ཁོང་ཚོར་ཀྲུང་གོའི་ན་གཞོན་ཚོ་དང་མཉམ་དུ་བརྗེ་རེས་མང་ཙམ་བྱས་ཏེ།  འཛམ་གླིང་སོ་སོའི་ན་གཞོན་ཚོ་དང་མཉམ་དུ་ལག་འདང་སྦྲེལ་ནས་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད། 

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བཤད་རྒྱུར། ཁྱོད་ཚོ་ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་བ་ཤེས་པ་ནས་བཟུང་། ཁྱོད་ཚོས་ཤེས་བྱ་ཕུན་སུམ་ཚོགས་པ་སྦྱངས་ཡོད་ལ་ཀྲུང་གོའི་གྲོགས་པོ་མི་ཉུང་བ་ཞིག་ཀྱང་ངོ་ཤེས་ཡོད་པས། ངས་ཁྱེད་ཚོས་བླངས་པའི་གྲུབ་འབྲས་ལ་དགའ་བསུ་ཞུ་བཞིན་ཡོད།

ཞི་ཅིན་ཕིང་གིས་བཤར་རྒྱུར།   ཁྱོད་ཚོས་མྱོང་ཚོར་བྱུང་བ་བཞིན། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོ་སྲིད་གཞུང་དང་སློབ་གྲྭ་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ན་ཡོད་པའི་ཕྱི་རྒྱལ་གྱི་སློབ་མའི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ཐུགས་ཁུར་བྱེད་ཀྱིན་ཡོད། ཚང་མར་ཕྱོགས་ཡོངས་ནས་རོགས་རམ་བྱས་ཡོད། ཚེ་སྲོག་བླ་རུ་བཀུར་རྒྱུ་ནི་ཀྲུང་གོ་བའམ་ཡང་ན་ཀྲུང་གོ་ན་ཡོད་པའི་ཕྱི་རྒྱལ་བ་ཡིན་ནའང་འདྲ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཐག་ཉེ་རིང་མེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཀྱིན་ཡོད།

ཞི་ཅིན་ཕིང་གིས་བཤར་རྒྱུར། ངས་ཤེས་གསལ་ལྟར་ན། རིམས་ནད་ལ་འགོག་རྒོལ་བྱེད་པའི་སྐབས་སུ་ཕྱི་སྦྱོང་སློབ་མ་མང་པོ་ཞིག་གིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཀྲུང་གོའི་མི་དམངས་ལ་སྐུལ་མ་བཏང་བ་དང་། དཀའ་སྡུག་གི་སྐབས་སུ་བརྩེ་བ་ངོ་མ་མངོན་ཡོད། ཀྲུང་གོས་མུ་མཐུད་དུ་ཀྲུང་གོ་ན་ཡོད་པའི་ཕྱི་རྒྱལ་གྱི་སློབ་མ་ཡོངས་ལ་རོགས་རམ་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོས་རྒྱལ་ཁབ་སོ་སོའི་ཕྱི་སྦྱོང་སློབ་མ་ཀྲུང་གོར་ཡོང་ནས་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཚང་མས་ཀྲུང་གོར་རྒྱུས་ལོན་མང་ཙམ་བྱས་ཏེ། ཀྲུང་གོ་འཛམ་གླིང་ལ་དྲིལ་བསྒྲགས་བྱེད་པའི་རེ་བ་ཡོད་པ་དང་། ཀྲུང་གོའི་ན་གཞོན་ཚོ་དང་མཉམ་དུ་སྤེལ་རེས་མང་ཙམ་བྱས་ཏེ།  འཛམ་གླིང་སོ་སོའི་ན་གཞོན་ཚོ་དང་མཉམ་དུ་ལག་འདང་སྦྲེལ་ནས་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་ཞེས་གསུངས། 

པེ་ཅིན་ཚན་རྩལ་སློབ་ཆེན་དུ་ད་ཆ་ཕ་ཁི་སི་ཐན་གྱི་སློབ་མ52ཡོད། དེའི་ནང49ནི་འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན་པ་རེད། ཉེ་ཆར། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ཀྲུང་གོ་རུ་སློབ་སྦྱོང་བྱེད་པའི་ཉམས་མྱོང་དང་མྱོང་ཚོར་གླེང་སྟེ། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས་སློབ་གྲྭས་ཐུགས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། སློབ་སྦྱོང་ལེགས་གྲུབ་བྱུང་རྗེས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་ཏེ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཛའ་གྲོགས་ཇེ་ཟབ་ཏུ་གཏོང་ཆེད་བྱས་རྗེས་འཇོག་པའི་འདུན་པ་མཚོན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།