ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་སྲིད་གཞུང་གིས་ཞལ་འདེབས་སུ་ཕུལ་བའི་སྨན་བཅོས་དངོས་ཟོག་ཁ་ན་ཏ་རུ་འབྱོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁ་ན་ཏར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་12ཉིན་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཀྲུང་གོ་སྲིད་གཞུང་གིས་ཁ་ན་ཏར་ཞལ་འདེབས་སུ་ཕུལ་བའི་སྨན་བཅོས་དངོས་ཟོག་དེ་ཚེས་11ཉིན་གྱི་དགོང་མོ་ཁ་ན་ཏར་བདེ་ལེགས་ངང་འབྱོར་རྒྱུ་ཡིན་པ་རེད།

ད་ཐེངས་ཞལ་འདེབས་སུ་ཕུལ་བའི་སྨན་བཅོས་དངོས་ཟོག་ཁྱོན་ཏུན32ཡོད་པའི་ནང་། སྨན་སྤྱོད་འགོག་སྲུང་གྱོན་ཆས་དང་མིག་ཤེལ། ཁ་ཐུམ། ཟུར་འཇོག་གྱོན་ཆས་སོགས་ཚུད་ཡོད་པ་རེད།

ཁ་ན་ཏར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚུང་ཕེ་ཝུའུ་ཡིས་ཀྲུང་གོ་དང་ཁ་ན་ཏར་རྒྱལ་ཁབ་གཉིས་པོར་སྐྱིད་སྡུག་མཉམ་མྱོང་གི་ཡུན་རིང་སྲོལ་རྒྱུན་ལྡན་པ་དང་། རིམས་ནད་ཀྱི་འགྲན་སློང་གསར་པའི་མདུན་དུ་རྒྱལ་ཁབ་གཉིས་པོས་ལྟ་རེས་སྐྱོང་རེས་བྱེད་ཀྱིན་ཡོད། ཀྲུང་གོར་རིམས་ནད་ཐོན་སྐབས་ཀྲུང་གོར་ཁ་ན་ཏའི་རོགས་རམ་ཐོབ་ནས། ཀྲུང་གོས་མཛའ་གྲོགས་ཀྱི་བརྩེ་སེམས་དེ་ནམ་ཡང་བརྗེད་མེད་ཞེ་ལ་བཅངས་ཡོད་ཟེར།

ཚུང་ཕེ་ཝུའུ་ཡིས་མིའི་རིགས་ནི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་ཡིན་པ་དང་། རིམས་ནད་ནི་མིའི་རིགས་ཀྱི་སྤྱི་དགྲ་ཡིན་པས། པྲོག་དབྱིབས་རིམས་ནད་གསར་པར་ཁ་གཏད་གཅོག་པར་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཀྱིན་ཡོད། ཀྲུང་གོས་ཁ་ན་ཏ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཉམ་ལས་ཧུར་ཐག་བྱེད་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འབད་བརྩོན་བརྒྱུད་དེ། རིམས་ནད་ལས་སྔ་ས་ནས་རྣམ་པར་རྒྱལ་ཏེ། ཐུན་མོང་ཐོག་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་རེ་བ་ཡོད་ཟེར།

འདིའི་གོང་ལ་ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་ཁག་གཅིག་གིས་ཁ་ན་ཏ་ཕྱོགས་ལ་སྨན་བཅོས་དངོས་རྫས་འབོར་ཆེན་གྱི་ཞལ་འདེབས་བརྒྱབ་ཡོད་འདུག །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།