ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་སློབ་མ་དུང་ཕྱུར1ལྷག་སླར་སློབ་གྲྭར་ཞུགས་པ།​

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡིས་ཚེས12ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ5བའི་ཚེས11ཉིན་བར་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སློབ་མ་སླར་ཡང་སློབ་གྲྭ་ཞུགས་ནས་སློབ་སྦྱོང་བྱེད་འགོ་ཚུགས་པ་དང་སློབ་གྲྭའི་ནང་ཞུགས་མཁན་མི་ཁྲི10779.2ཟིན་ལ་སློབ་ཞུགས་ཚད39%ལ་སླེབས་ཡོད་པ་རེད།

 སློབ་གསོ་པུའུ་ཡི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ནམ་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་ཟི་ཡི་ཟི་ཀྲང་ཝང་ཏེང་ཧྥུང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། མིག་སྔར་སླར་ཡང་སློབ་གྲྭར་ཞུགས་པའི་སློབ་མའི་ཁྲོད་སློབ་འབྲིང་གི་སློབ་མ་ཁྲི5636.1དང་། སློབ་ཆུང་གི་སློབ་མ་ཁྲི4384.4། བུ་བཅོལ་ཁང་གི་སློབ་མ་ཁྲི468། མཐོ་རིམ་སློབ་གྲྭའི་སློབ་མ་ཁྲི290.7བཅས་འདུས་པ་རེད།

 སློབ་གསོ་པུའུ་ཡིས་སྔོན་དཔག་བྱས་པར་གཞིགས་ན། ཟླ5པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་སླར་ཡང་སློབ་གྲྭར་ལོག་པའི་སློབ་མ་དུང་ཕྱུར1.5ནས་དུང་ཕྱུར2བར་སླེབས་རྒྱུ་རེད། ཝང་ཏེང་ཧྥུང་གིས་སློབ་འགོ་ཚུགས་པ་དང་ཆབས་ཅིག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཁའི་རྒྱུ་རྐྱེན་ཡང་དེ་བས་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་ཞིག་ཏུ་གྱུར་ཡོད། དེར་བརྟེན་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་མུ་མཐུད་དུ་རྒྱུན་འཁྱོངས་ནན་མོ་བྱེད་དགོས་ཞེས་གསུངས།

ཁོང་གིས་བཤད་རྒྱུར། སློབ་གསོ་པུའུ་ཡིས་སློབ་ཞུགས་ཇུས་གཞི་ཞིབ་ཕྲ་བཟོས་ནས“ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སླར་ཡང་སློབ་གྲྭར་ཞུགས་རྒྱུ་དང་ཚད་གཞི་ནན་ཤོས་ཀྱི་སྔོན་འགོག་ཚོད་འཛིན”ཐུབ་པ་བྱ་རྒྱུ་རེད། སློབ་འགོ་ཚུགས་པ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཞིབ་ཕྲ་བཟོས་ཏེ་དགེ་སློབ་ཀྱི་བདེ་ཐང་གནས་ཚུལ་ཉིན་རེར་སྙན་ཞུ་འབུལ་བའི་ལམ་ལུགས་དང་། སློབ་ཆད་ལས་ཆད་མི་འབྱུང་ཆེད་གང་མགྱོགས་སྒོས་རྗེས་འདེད་ལམ་ལུགས་འཛུགས་རྒྱུ་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་འགོག་དངོས་རྫས་འདང་ངེས་གྲ་སྒྲིག་བྱེད་པ། མགྱོགས་མྱུར་སྒོས་ཁ་གཏད་གཅོག་པ། གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཐུགས་ཁུར་དང་རོགས་རམ་ཡག་པོ་བྱ་དགོས། ཕྱི་རྒྱལ་ནས་རྒྱལ་ནང་དུ་ལོག་མཁན་དང་། སྨན་ཁང་ནས་དྲག་སྐྱེད་བྱུང་མཁན། ནད་རྟགས་མེད་པའི་ནད་འགོས་མཁན་དང་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མི་སྣ་སོགས་ལ་གནད་སྨིན་རིགས་དབྱེ་བྱས་ནས་སློབ་འགོ་ཚུགས་རྗེས་སློབ་གྲྭར་ཞུགས་མཁན་ཚང་མ་བདེ་ཐང་ཡིན་པར་ཁག་ཐེག་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།