ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁི་ཆང་གིས་འགོ་འཛིན་མཛད་དེ་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཡི་བསམ་འཆར་བསྡུ་ལེན་མ་ཡིག་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་གསན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས།  ལི་ཁི་ཆང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་གདན་དྲངས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་བསམ་འཆར་དང་གྲོས་གཞི་བཏོན་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་ཀྱི་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་དང་། སྲིད་གཞུང་གིས་ཚན་རིག་དང་མཐུན་ཞིང་དམངས་གཙོའི་སྒོ་ནས་ཐབས་ཇུས་འགོད་པ་དང་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པའི་ལྡོག་ཏུ་མེད་པའི་མཉམ་ལས་ཤིག་རེད། ཚང་མས་གང་བསམ་ལྷུག་བརྗོད་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།

གཏམ་བཤད་སྤེལ་སྐབས་ཚང་མས་ན་ནིང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་འགྲུབ་ཡག་པོ་བྱུང་བར་ངོས་འཛིན་བྱས་པ་རེད། ད་ལོ་ནས་བཟུང་པྲོག་གསར་གླ་ཚད་གྱི་རིམས་ནད་བྱུང་ཚུལ་ཚབས་ཆེ་བའི་མདུན་དུ་རྒྱལ་ཡོངས་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པས། དུས་ཡུན་ཐུང་ངུའི་ནང་རིམས་ནད་འགོས་མཆེད་དུ་འགྲོ་བར་ཚོད་འཛིན་ནུས་ལྡན་བྱས་པ་དང་། མི་དམངས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ཅུང་ལེགས་པོ་བྱས་པ། ཡང་བསྐྱར་ལས་ཀ་བྱས་ནས་བསྐྱར་དུ་ཐོན་སྐྱེད་བྱེད་པར་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་བ་བཅས་ནི་ལས་སླ་མོ་ཞིག་གཏན་ནས་མིན། ཚང་མས་སྲིད་གཞུང་ལས་དོན་སྔར་ལས་ཡག་པོར་བསྒྲུབ་རྒྱུའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨིག་ཞང་གིས་ཁེ་ལས་འབྲིང་ཆུང་དཀའ་གནད་ལས་སྒྲོལ་རོགས་དང་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་བྱ་རྒྱུར་དམིགས་ནས་གྲོས་གཞི་བཏོན་པ་རེད། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིན་ཀྲུང་ལིས་ཀྱིས་སྤྱི་ཁོག་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་ལས་ཞུགས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པའི་ཐད་ནས་ལྟ་ཚུལ་གླེང་བ་རེད། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིན་ཅིན་གྱིས་བཟོ་སྐྲུན་ལས་རིགས་ཀྱི་རིམ་སྤོར་ཇེ་མགྱོགས་སུ་བཏང་ནས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་གྲོས་གཞི་བཏོན་པ་རེད། དམངས་གཙོ་ཡར་སྐུལ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་གིས་སྤྱི་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན་པ་རེད། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཀྲུའུ་ཡིས་སྤྱི་པའི་འཕྲོད་བསྟེན་ཁོངས་གཏོགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུར་དམིགས་ནས་ལྟ་ཚུལ་གླེང་བ་རེད། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་གིས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་རྒྱབ་སྐྱོར་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ལ་གྲོས་གཞི་བཏོན་པ་རེད། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ་ཡིས་ཐོན་ལས་འབྲེལ་ཐག་སྲུང་སྐྱོང་དང་ནང་མཁོ་རྒྱ་ཆེར་གཏོང་རྒྱུའི་འཐབ་ཇུས་ལག་ལེན་བསྟར་རྒྱུའི་ཐད་ལྟ་ཚུལ་གླེང་བ་རེད། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ་ཡིས་མཚོ་འགག་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་དང་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་དགོས་ཞེས་པའི་གྲོས་གཞི་བཏོན་པ་རེད། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀོ་ཡུན་ལུང་གིས་གྲོང་མིའི་འཛད་སྤྱོད་འཕེལ་བ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས་པའི་གྲོས་གཞི་བཏོན་པ་རེད། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ནན་ཧྭ་ཡིས་ངལ་རྩོལ་པའི་ལས་རིགས་རྩལ་ནུས་ཆེ་རུ་གཏོང་བ་དང་ཚན་རྩལ་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ལ་གྲོས་གཞི་བཏོན་པ་རེད།

ལི་ཁི་ཆང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་དུས་ཡུན་རིང་པོའི་ནང་སྲིད་གཞུང་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། མུ་མཐུད་དཀའ་ངལ་མཉམ་མྱོང་དང་དུས་ངལ་མཉམ་སེལ་བྱ་རྒྱུའི་རེ་བ་བཏོན། ཁོང་གིས་རིམས་ནད་ཀྱི་དབང་གིས་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་ཐེབས་ནས་རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བྱུང་མྱོང་མེད་པའི་དཀའ་ངལ་དང་འགྲན་སློང་ལ་འཕྲད་ཡོད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་ཀྱི་འགྱུར་ལྡོག་ལ་དུས་ཐོག་ཏུ་རྗེས་འདེད་དབྱེ་ཞིབ་བྱས་ནས་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།