ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཉིས་སྟོང་ཉི་ཤུ་ལོའི་དྲ་ཐོག་ཀྲུང་གོའི་ཐོན་རྫས་གྲགས་ཅན་ཉིན་མོའི་བྱ་འགུལ་སྤེལ་འགོ་བརྩམས་པར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས10ཉིན། ཉིས་སྟོང་ཉི་ཤུ་ལོའི་དྲ་ཐོག་ཀྲུང་གོའི་ཐོན་རྫས་གྲགས་ཅན་ཉིན་མོའི་བྱ་འགུལ་སྤེལ་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་བྱ་འགུལ་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ཐོན་རྫས་གྲངས་ཅན་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་མུ་མཐུད་དུ་ཀྲུང་གོའི་ཐོན་རྫས་དང་ཞབས་ཕྱིའི་སྤུས་ཚད་དང་ཤུགས་རྐྱེན་ཐེབས་ཚད་མཐོར་འདེགས་སུ་གཏོང་བ་ནི་རྦད་ཆོད་སྒོས་ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་གལ་ཆེན་ཡིན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས་ལ། སྤུས་ཚད་གཙོར་འཛིན་པ་དང་ཕན་འབྲས་ལ་དོ་སྣང་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཐོན་རྫས་གྲགས་ཅན་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཁེ་ལས་ཀྱིས་ཆེད་ལས་སྙིང་སྟོབས་དང་ལས་ཤེས་སྙིང་སྟོབས་དར་སྤེལ་བྱེད་པར་སྣེ་ཁྲིད་བྱེད་དགོས་པར་མ་ཟད། སྔར་ལས་མང་པོའི་ཐོན་རྫས་གྲགས་ཅན་གསར་སྐྲུན་བྱེད་པ་དང་སྔར་ལས་ཆེ་བའི་འགྲན་རྩོད་ནུས་ཤུགས་ལ་བརྟེན་ནས་ཚོང་རའི་བར་སྟོང་རྒྱ་བསྐྱེད་པ་དང་། མང་ཚོགས་འཛད་སྤྱོད་རིམ་འཕར་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོ་སྔར་ལས་སྐོང་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།