ཀྲུང་གོ་བོད་ཀྱི་དྲ་བ།

རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་བྱེད་རིང་རྨོ་བསྐྱུར་མུའུ་རེར་ཁ་གསབ་སྒོར1200སྤྲོད་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། ནོར་སྲིད་པུའུ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཉམ་འབྲེལ་ཐོག《ནགས་ལས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་སླར་གསོའི་མ་དངུལ་དོ་དམ་བྱ་ཐབས》བཀྲམ་ནས་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་བྱེད་རིང་རྨོ་བསྐྱུར་མུའུ་རེར་ཁ་གསབ་སྒོར་1200སྤྲོད་རྒྱུ་དང་ལོ་ལྔའི་ནང་ཁག་ཐེངས་གསུམ་ལ་བགོས་ནས་སྤྲོད་རྒྱུ་རེད་ཅེས་བཏོན་ཡོད།

《བྱ་ཐབས》གཞིར་བཟུང་། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་ཁ་གསབ་དེ་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་ལག་བསྟར་བྱས་པའི་ཞིང་དུད་ལ་དངུལ་སྨར་ཁ་གསབ་སྤྲོད་པའི་ཐད་སྤྱོད་རྒྱུ་དང་རྨོ་བསྐྱུར་མུའུ་རེར་ཁ་གསབ་སྒོར་1200སྤྲོད་རྒྱུ་དང་ལོ་ལྔའི་ནང་ཁག་ཐེངས་གསུམ་ལ་བགོས་ནས་སྤྲོད་རྒྱུ་རེད། ལོ་དང་པོར་སྒོར་500དང་། ལོ་གསུམ་པར་སྒོར་300 ལོ་ལྔ་པར་སྒོར་400བཅས་གཞིར་བཟུང་སྤྲོད་རྒྱུ་དང་། རྨོ་བསྐྱུར་རྩྭ་གསོ་བྱེད་རིང་རྨོ་བསྐྱུར་མུའུ་རེར་ཁ་གསབ་སྒོར་850སྤྲོད་རྒྱུ་དང་ལོ་གསུམ་ནང་ཁག་ཐེངས་གཉིས་ལ་བགོས་ནས་སྤྲོད་རྒྱུ་རེད། ལོ་དང་པོར་སྒོར་450དང་ལོ་གསུམ་པར་སྒོར་400སྤྲོད་རྒྱུ། འཐུས་སྒོ་ཚང་དུ་བཏང་བའི་རྨོ་བསྐྱུར་ནགས་གསོའི་སྲིད་ཇུས་ཀྱི་ཁ་གསབ་རེས་སྐོར་གོང་མའི་རྨོ་བསྐྱུར་ནགས་གསོའི་ལས་འགན(1999ལོ་ནས་2006ལོ་བར)གྱི་འབྲུ་རིགས་དང་འཚོ་བའི་གྲོན་དངུལ་ཁ་གསབ་ལ་སྤྱོད་པའི་དུས་ཡུན་ཐིམས་རྗེས། རྨོ་བསྐྱུར་ཞིང་དུད་ཀྱི་འཚོ་བའི་དཀའ་ངལ་ཐག་གཅོད་བྱ་ཆེད་དངུལ་སྨར་གྱི་ཁ་གསབ་སྤྲོད་རྒྱུ་རེད། འབྲི་ཆུའི་རྒྱུད་དང་ལྷོ་ཕྱོགས་ས་ཁུལ་ལ་རྨོ་བསྐྱུར་མུའུ་རེ་བྱས་པར་ལོ་ལྟར་ཁ་གསབ་སྒོར་125དང་རྨ་ཆུའི་རྒྱུད་དང་དེ་བཞིན་བྱང་ཕྱོགས་ས་ཁུལ་དུ་རྨོ་བསྐྱུར་མུའུ་རེ་བྱས་པར་ལོ་ལྟར་ཁ་གསབ་སྒོར་90སྤྲོད་རྒྱུ། སྣོད་བཅུད་ནགས་གསོའི་ཁ་གསབ་སྤྲོད་ཡུན་ལོ་8དང་དཔལ་འབྱོར་ནགས་རའི་ཁ་གསབ་སྤྲོད་ཡུན་ལོ་5ཡིན་པ་རེད།

《བྱ་ཐབས》ནང་ནགས་ལས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་སླར་གསོའི་མ་དངུལ་དེ་རང་བྱུང་ནགས་རའི་ཐོན་ཁུངས་སྲུང་སྐྱོང་ལས་གྲྭའི་སྤྱི་ཚོགས་འགན་བཅོལ་དང་། རང་བྱུང་ནགས་རའི་ཐོན་ཁུངས་སྲུང་སྐྱོང་འདུ་འགོད་ཀྱི་སྲིད་ཇུས་རང་བཞིན་དང་སྤྱི་ཚོགས་རང་བཞིན་གྱི་འགྲོ་སོང་། རང་བྱུང་ནགས་ར་ཚོང་ལས་རང་བཞིན་གྱི་གཅོད་འབྲེག་བྱ་སྤྱོད་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པ། རྨོ་བསྐྱུར་ནགས་གསོའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་བྱེད་པ། རྩྭ་ཐང་སྣོད་བཅུད་སླར་གསོ་བཅོས་སྐྱོང་། སྣོད་བཅུད་ནགས་སྲུང་བ། རྒྱལ་ཁབ་སྤྱི་གླིང་སོགས་ཀྱི་ཐད་སྤྱོད་དགོས་ལུགས་ཁ་གསལ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།