ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དཀའ་ཁག་ཆེ་བའི་ངལ་རྩོལ་པའི་ལས་ཞུགས་དང་འཛད་སྤྱོད་དབུལ་སྐྱོར་སོགས་བྱ་བ་གཙོ་བོའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་ཟླ་ལྔ་བའི་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་པ་དང་རིམས་ནད་ཀྱིས་བཟོས་བའི་མི་ལེགས་པའི་ཤུགས་རྐྱེན་ཁྱད་བསལ་བྱས་ཏེ། དཀའ་ཁག་ཆེ་བའི་ངལ་རྩོལ་པའི་ལས་ཞུགས་དང་འཛད་སྤྱོད་དབུལ་སྐྱོར་སོགས་བྱ་བ་གཙོ་བོའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།

མིག་སྔའི་བར་དུ་རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང་བརྒྱད་བརྒྱ་དང་སོ་གཉིས་ཚང་མ་ཉེན་ཁ་ཆུང་བའི་ས་ཁུལ་དུ་བཞག དཀའ་ཁག་ཆེ་བའི་ངལ་རྩོལ་པ་ཞོར་ལས་ལ་འགྲོ་བའི་ཕྱོགས་ནས། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་ཉེར་གཉིས་དང་ཤར་རྒྱུད་ཀྱི་ལའོ་ཉིན་དང་ཧྲན་ཏུང་། ཧྥུའུ་ཅན་བཅས་ཞིང་ཆེན་གསུམ། དེ་མིན་ཞིང་ཆེན་ཉེར་ལྔ་བཅས་སུ་མིག་སྔར་དཀའ་ཁག་ཆེ་བའི་ངལ་རྩོལ་པ་བྱེ་བ་གཉིས་དང་ས་ཡ་དྲུག་ཁྲི་གསུམ་ལྷག་ཞོར་ལས་ལ་སོང་བ་དང་དེས་ན་ནིང་ཞོར་ལས་ལ་སོང་བའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གོ་ལྔ་ལྷག་ཟིན། འཛད་སྤྱོད་རོགས་སྐྱོར་ཕྱོགས་ནས། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་ཉེར་གཉིས་ཀྱིས་བསྡོམས་པས་དབུལ་སྐྱོར་ཐོན་རྫས་ཁྲི་བཞི་དང་བདུན་བརྒྱ་ཉེར་བདུན་དང་ལེན་བྱས་པ་དང་དེ་རྫོང་སྟོང་གཅིག་དང་ཉིས་བརྒྱ་གོ་བདུན་ལ་འབྲེལ་བ་ཡོད་ལ། ཚོང་རྫས་ཀྱི་སྤྱིའི་རིན་གོང་ཁྲག་ཁྲིག་གསུམ་དང་ཐེར་ཆེན་དགུ་ཐེར་འབུམ་ལྔ་དང་དུང་ཕྱུར་བརྒྱད་ལྷག་ལ་བསླེབས།

གཞན། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་ཉེར་གཉིས་ཀྱིས་དབུལ་སྐྱོར་ལས་གཞི་འབུམ་གསུམ་དང་ཁྲི་བརྒྱད་ལྷག་བཀོད་སྒྲིག་བྱས་ཤིང་། མིག་སྔར་ལས་གཞི་འབུམ་གསུམ་དང་ཁྲི་གཅིག་ལྷག་ལས་འགོ་བརྩམས་པ་དང་། ལས་འགོ་བརྩམས་ཚད་བརྒྱ་ཆའི་བརྒྱད་ཅུ་ལ་སླེབས། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་ཉེར་གཉིས་ཀྱིས་མིག་སྔར་དབུལ་སྐྱོར་འཁོར་ཁང་ཁྲི་གཉིས་དང་སྟོང་བདུན་དྲུག་བརྒྱ་རེ་བདུན་སླར་གསོ་བྱས་ཤིང་། སླར་གསོ་བྱས་ཚད་བརྒྱ་ཆའི་གོ་བདུན་ཡན་ལ་སླེབས་པ་དང་དཀའ་ཁག་ཆེ་བའི་མི་གྲངས་འབུམ་གསུམ་དང་ཁྲི་ལྔ་ལྷག་ལས་ཞུགས་གནད་དོན་ཐག་བཅད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།