ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ལས་ཐོན་སླར་གསོ་ལ་རྒྱབ་སྐྱོར་དང་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། འབྲེལ་ཡོད་སྲིད་ཇུས་གཏན་འཁེལ་དང་འཐུས་ཚང་དུ་བཏང་ནས་ཁེ་ལས་བརྟན་འཇགས་དང་ལས་ཞུགས་འགན་སྲུང་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ལས་ཐོན་སླར་གསོ་ལ་རྒྱབ་སྐྱོར་དང་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱེད་པར་དམིགས་ཏེ། གནད་འཁེལ་ནུས་ལྡན་དང་དུས་ཐོག་ཏུ་ཕྱོགས་བརྒྱད་ཀྱི་སྲིད་ཇུས་དང་བྱེད་ཐབས་དགུ་བཅུ་གཏན་ལ་ཕབ། གཙོ་བོ་ཁེ་ལས་ཆུང་བ་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་རིན་འཕར་དང་དཔྱ་ཁྲལ་མེད་པར་གཏོང་བར་ཤུགས་སྣོན་པ་དང་། རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཟ་ཁང་། གནས་སྐོར་སོགས་ཀྱི་ལས་རིགས་དང་ཁེ་ལས་ཀྱི་གྱོང་གུད་ཁ་གསབ་ལོ་ཚད་ལོ་ལྔ་ནས་ལོ་བརྒྱད་དུ་ཇེ་རིང་ལ་གཏོང་རྒྱུ་དང་། དཔྱིད་འདེབས་ཐོན་སྐྱེད་དང་ཕྱུགས་ལས་འཕེལ་རྒྱས་ལ་རྒྱབ་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་སོགས་འདུས་ཡོད་ཟེར།

ཚོགས་ཐོག་ནས་བསྟན་དོན། འགན་སྲུང་དྲུག་ལེགས་སྒྲུབ་བྱེད་པ་དེ་བརྟན་འཇགས་དྲུག་གི་བྱ་བའི་གནད་ཆེ་སར་བཞག་སྟེ་དཔལ་འབྱོར་གྱི་གཞི་རྩའི་བསམ་བཀོད་བརྟན་འཇགས་སུ་གཏོང་དགོས། གཏན་ལ་ཕབ་པའི་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱེད་པའི་སྲིད་ཇུས་དངོས་འབེབས་བཟང་བོ་བྱས་ནས། ཁེ་ལས་ལ་སྔར་ལས་མང་པོའི་ཁེ་ཕན་ཐོབ་ཏུ་འཇུག་པ་དང་། ལས་ཞུགས་ལས་གནས་བརྟན་འཇགས་སུ་གཏོང་བར་མ་ཟད་གཞི་རྩའི་དམངས་ཚིས་འགན་སྲུང་བྱེད་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱས་ཏེ་འཛད་སྤྱོད་ཆུ་ཚད་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། རྒྱུན་མཐུད་སྒོས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ཏེ། ཚོང་ར་ལྡོག་ཕྱོགས་རྩིས་ཁྲ་རུ་ཞུགས་པ་དང་ཕྱི་དངུལ་ལྡོག་ཕྱོགས་རྩིས་ཁྲ་རུ་ཞུགས་པ། ཕྱི་རྒྱལ་གྱི་ཚོང་བས་དངུལ་གཏོང་ཚོང་གཉེར་བྱེད་པར་སྐུལ་མ་གཏོང་བའི་དཀར་ཆག་མྱུར་དུ་བཟོ་བཅོས་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།