ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཆེས་གསར་བའི་རིམས་ནད་གནས་ཚུལ་དང་དེ་མིན་ཧུའུ་པེ་ཞིང་ཆེན་དུ་སོང་ནས་རིམས་འགོག་བྱ་བ་སྒྲུབ་པའི་མི་སྣའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ཟླ་ལྔ་བའི་ཚེས་ལྔ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་བསྡོམས་པས་པྲོག་གསར་གློ་ཚད་ལ་ངོས་འཛིན་བྱས་པའི་ནད་པ་ཁྲི་བརྒྱད་དང་སྟོང་གཉིས་བརྒྱད་བརྒྱ་གྱ་གསུམ་ཡར་ཞུ་བྱས་ཤིང་། དེའི་ནང་དུ་བསྡོམས་པས་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་དྲུག་བརྒྱ་དོན་བརྒྱད་ཡོད་པ་དང་། ཉིན་དེར་ངོས་བཟུང་བའི་ནད་པ་གཉིས་འཕར་སྣོན་བྱུང་ཞིང་ནད་པ་གཉིས་ཀ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་ཡིན། ཟླ་ལྔ་བའི་ཚེས་ལྔ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ད་ལྟ་ཕྱི་ནས་ནང་ལ་མཆེད་པའི་པྲོག་གསར་གློ་ཚད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ཉིས་བརྒྱ་དང་དོན་བརྒྱད་ཡོད་པ་དང་། དེའི་ནང་དུ་ནད་པ་ལྗིད་མོ་ལྔ་ཡོད་ལ། བསྡོམས་པས་ནད་པ་སྟོང་གཅིག་དང་བཞི་བརྒྱ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པ་དང་ནད་པ་གཅིག་ཀྱང་ཤི་མེད། ཟླ་ལྔ་བའི་ཚེས་ལྔ་ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད་ཉེར་བཞིའི་བར། གསོ་རིག་ཐད་ནས་བརྟག་དཔྱད་བྱེད་པའི་ནད་རྟགས་མི་མངོན་པའི་འགོས་ནད་ནད་པ་ཉི་ཤུ་འཕར་སྣོན་བྱུང་བ་དང་།  གསོ་རིག་ཐད་ནས་བརྟག་དཔྱད་བྱེད་པའི་ནད་རྟགས་མི་མངོན་པའི་འགོས་ནད་ནད་པ་བསྡོམས་པས་དགུ་བརྒྱ་དང་གསུམ་ཡོད་པ་དང་དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་གྱ་བརྒྱད་ཡོད།

སྒྲོག་སྤེལ་ཚོགས་འདུའི་སྟེང་།  ཀྲུང་གོ་རིམས་འགོག་ལྟེ་གནས་ཀྱིས་ཧུའུ་པེ་ཞིང་ཆེན་དུ་རིམས་འགོག་བྱ་བ་སྒྲུབ་སྐབས། སྤྱི་ཐུན་འཕྲོད་བསྟེན་མི་སྣས་རིམས་འགོག་བྱེད་ཐབས་དངོས་འབེབས་བྱས་པ་དང་ཚོད་ལྟ་ཁང་གི་ཞིབ་བཤེར་ཚད་ལེན་དང་འགོས་ཁྱབ་ནད་གཞི་ལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་པའི་སྐོར་གྱི་གནས་ཚུལ་མཚམས་སྦྱོར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།