ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་ཡིས་བརྡ་ཐོ་བཏང་སྟེ་གུང་གཞོན་ཚོགས་པའི་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་ཡིས་བརྡ་ཐོ་བཏང་སྟེ། དམག་དཔུང་ཡོངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ངག་བཅོལ་ཡིད་ལ་དམ་པོར་བཅངས་ནས་སྟོབས་ལྡན་དམག་དཔུང་འཛུགས་པའི་རླབས་ཆེན་ལས་དོན་ཐད་ལང་ཚོའི་བྱས་རྗེས་འཇོག་ཅེས་པའི་གུང་གཞོན་ཚོགས་པའི་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས་པ་དང་། དམག་དཔུང་ཡོངས་ཀྱི་ན་གཞོན་དག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་ལ་ངག་བཅོལ་བྱས་པའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། རིམས་འགོག་འཐབ་རྩོད་ལས་མངོན་པའི་ཆབ་སྲིད་ཀྱི་བརྩེ་བ་དེ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ་དང་། ཕུགས་འདུན་དང་འདུ་ཤེས་ཇེ་བརྟན་དུ་གཏོང་བ། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པ། རྩལ་ནུས་ལེགས་པོ་སྦྱོང་བ། རྒྱལ་དར་གྱི་རླབས་ཆེན་ལས་དོན་ཁྲོད་ཞུགས་ནས། དུས་རབས་གསར་བའི་དམག་དཔུང་གི་འཛུགས་སྐྲུན་ཁྲོད་དུ་གཙོ་ཤུགས་དམག་དཔུང་དང་ཐོལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་རེ་བ་བཏོན། 

བརྡ་ཐོ་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཆབ་སྲིད་བྱ་བའི་སྡེ་ཁག་གིས་ན་གཞོན་དག་བདེ་བླག་ངང་འཚར་ལོངས་འབྱུང་བར་སེམས་ཁུར་བྱས་ནས། རྒྱ་ཆེའི་ན་གཞོན་དག་གིས་བྱས་རྗེས་ཆེན་པོ་འཇོག་པར་རྒྱབ་སྐྱོར་བྱེད་དགོས། དམག་དཔུང་གི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་ཏང་གིས་བསྩལ་བའི་གཟི་བརྗིད་འགན་འཁྲི་ཁུར་དུ་བླངས་ཤིང་། གུང་གཞོན་ཚོགས་པའི་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ་ནས་ན་གཞོན་ཚང་མ་ཏང་ལ་བློ་ཁ་ཕྱོགས་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་ལང་ལོང་སྒོས་ཞུགས་པ་བཅས་ལ་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་བའི་དམག་དཔུང་གི་འཛུགས་སྐྲུན་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པར་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།