ཀྲུང་གོ་བོད་ཀྱི་དྲ་བ།

ས་ཁུལ་སོ་སོས་མེས་རྒྱལ་གྱི་ཆེད་དུ་ལང་ཚོ་རྣམ་པར་བཞད་ཅེས་པ་བརྗོད་དོན་ཡིན་པའི་གུང་གཞོན་ཚོགས་པའི་ཉིན་མོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས4ཉིན་ནི་ལྔ་བཞིའི་ན་གཞོན་དུས་ཆེན་ཡིན་ཞིང་། ས་ཁུལ་སོ་སོའི་ན་གཞོན་གྱིས་རྣམ་པ་སྣ་ཚོགས་པའི་སྒོ་ནས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལོན་པར་ལང་ཚོའི་སྟོབས་ཤུགས་ཕུལ། 

གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་དྲ་ཐོག་ནས་མེས་རྒྱལ་གྱི་ཆེད་དུ་ལང་ཚོ་རྣམ་པར་བཞད་ཅེས་པ་བརྗོད་དོན་ཡིན་པའི་གུང་གཞོན་ཚོགས་པའི་ཉིན་མོའི་བྱ་འགུལ་སྤེལ། སྔ་གཞུག་ཏུ་ཀྲུང་གོའི་ན་གཞོན་གྱི་ལྔ་བཞིའི་བྱ་དགའ་ཐོབ་མཁན་གྱི་གཟི་མདངས་ངོམས་པ་དང་། ལང་ཚོའི་གཏམ་རྒྱུད་མཉམ་སྤྱོད་ཚོགས་འདུ། ལྔ་བཞིའི་དྲ་རྒྱའི་བརྗོད་དོན་འཆད་འཁྲིད་སོགས་བྱ་འགུལ་སྤེལ་ཏེ། རྒྱ་ཆེའི་ན་གཞོན་དག་ལང་ལོང་སྒོས་རིམས་ནད་འགོག་རྒོལ་དང་ཐོན་ལས་སླར་གསོའི་ཁྲོད་ཞུགས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་གླེང་བ་དང་། དུས་རབས་གསར་བའི་ཀྲུང་གོའི་ན་གཞོན་གྱི་རྒྱལ་གཅེས་ཁག་ཁུར་དང་འབད་འཐབ་ཡར་བརྩོན་གྱི་བསམ་བློའི་རྣམ་པ་མངོན་པར་བྱས། 

ཚེས་བཞིའི་ཉིན་རང་རྒྱལ་གྱི་ལྔ་བཞིའི་ལས་འགུལ་གྱི་ཐོག་མའི་ཇུས་འདོན་བྱེད་ས་པེ་ཅིང་སློབ་ཆེན་ནས་ལོ་རབས་དགུ་བཅུའི་རྗེས་ནས་སྐྱེས་པའི་ཏང་ཡོན་དང་དགེ་སློབ་ཀྱི་འཐུས་མིས་མཉམ་དུ་བརྗོད་དོན་ལང་ཚོའི་སྙན་ངག་ཚོགས་འདུ་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་དོན་མཉམ་སྤྱོད་དང་སློབ་སྦྱོང་བྱས་ནས། ཏང་དང་མི་དམངས་ལ་ཆེས་མཁོ་གལ་ཆེ་བའི་གནས་སུ་ལང་ཚོའི་མེ་ཏོག་རྣམ་པར་བཞད་པའི་ཕུགས་འདུན་མཚོན་པར་བྱས། 

ལྔ་བཞིའི་སྐབས་སུ་ཧྲང་ཧེ་དང་མཚོ་སྔོན། ཀན་སུའུ་སོགས་ས་ཁུལ་ནས། རིམ་པ་སོ་སོའི་གུང་གཞོན་ཚོགས་པས་ས་གནས་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དྲ་རྒྱ་སོགས་བརྒྱུད་ནས་གཞུང་ལུགས་སློབ་སྦྱོང་དང་གཏམ་རྒྱུད་མཉམ་སྤྱོད། དང་བླངས་པའི་ཞབས་ཞུ་སོགས་བྱ་འགུལ་སྤེལ། དྲ་རྒྱའི་བར་སྟོང་དུ་རིམ་པ་སོ་སོའི་གུང་གཞོན་ཚོགས་པས་སྨྱན་བྱད་སྟེགས་བུ་གསར་བར་བརྟེན་ནས་ལྔ་བཞིའི་སྙིང་སྟོབས་ང་ཚོས་རྒྱུན་འཛིན་བྱེད་ཅེས་པ་དང་། དཀའ་སྡུག་མཉམ་མྱོང་དང་ལང་ཚོ་མཉམ་བཞད་ཅེས་པ་སོགས་དྲ་རྒྱའི་བྱ་འགུལ་སྤེལ་ཡོད་ལ། སྤྱིའི་ལྟ་ཀློག་ཁ་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་ལས་བརྒལ་ཡོད་ལ། དྲ་ཐོག་ཏུ་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་ལང་ཚོའི་འགན་འཁྲི་གཏམ་དུ་བརྗོད་པའི་ཚ་རླབས་ཤིག་འཕྱུར་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།