ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཆེས་གསར་བའི་རིམས་ནད་གནས་ཚུལ་དང་དེ་མིན་ས་གནས་སོ་སོས་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས།

ཟླ་ལྔ་བའི་ཚེས་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་བསྡོམས་པས་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ཁྲི་བརྒྱད་དང་སྟོང་གཉིས་བརྒྱད་བརྒྱ་བརྒྱད་ཅུ་ཡར་ཞུ་བྱས་ཤིང་། དེའི་ནང་དུ་བསྡོམས་པས་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་དྲུག་བརྒྱ་དོན་ལྔ་ཡོད་པ་དང་། ཉིན་དེར་ངོས་འཛིན་བྱས་པའི་ནད་པ་གསུམ་འཕར་སྣོན་བྱུང་ཞིང་ནད་པ་དེ་གསུམ་པོ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་ཡིན། ཟླ་ལྔ་བའི་ཚེས་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ད་ལྟ་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་བསྡོམས་པས་བཞི་བརྒྱ་དང་གཉིས་ཡོད་པ་དང་། དེའི་ནང་དུ་ནད་པ་ལྗིད་མོ་ལྔ་ཡོད་ལ། བསྡོམས་པས་ནད་པ་སྟོང་གཅིག་དང་ཉིས་བརྒྱ་དོན་གསུམ་དྲག་ཏེ་སྨན་ཁང་ནས་ཕྱིར་བུད་པ་དང་ནད་པ་གཅིག་ཀྱང་ཤི་མེད། ཟླ་ལྔ་བའི་ཚེས་གསུམ་ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད་ཉེར་བཞིའི་བར། གསོ་རིག་ཐད་ནས་བརྟག་དཔྱད་བྱེད་པའི་ནད་རྟགས་མི་མངོན་པའི་འགོས་ནད་ནད་པ་བཅུ་གསུམ་འཕར་སྣོན་བྱུང་ཞིང་དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་གཉིས་ཡོད་ལ། གསོ་རིག་ཐད་ནས་བརྟག་དཔྱད་བྱེད་པའི་ནད་རྟགས་མི་མངོན་པའི་འགོས་ནད་ནད་པ་དགུ་བརྒྱ་དང་རེ་གཉིས་ཡོད་པ་དང་དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་གོ་བརྒྱད་ཡོད།

སྒྲོག་སྤེལ་ཚོགས་འདུའི་སྟེང་། ཀོང་ཏུང་དང་ཧུའུ་ན། ཧི་ནས། ལའོ་ཉིན་སོགས་ས་གནས་ཀྱི་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་མྱུར་སྐྱོབ་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།