ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལྔ་བཞིའི་ན་གཞོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ལང་ཚོ་ལ་སྦྱོང་བརྡར་དབང་གིས་གཟི་མདངས་རྒྱས་ཤིང་མི་ཚེ་ནི་འབད་འཐབ་དབང་གིས་དྭངས་རྩེར་འགྱུར། གློ་བུར་དུ་བྱུང་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་མདུན་ནས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་དག་གིས་ཏང་གི་འབོད་སྐུལ་དང་དུ་བླངས་ཤིང་། ལང་ལོང་སྒོས་རིམས་ནད་འགོག་རྒོལ་གྱི་མི་དམངས་འཐབ་འཁྲུག་དང་སྤྱིའི་འཐབ་འཁྲུག འགོག་རྒོལ་འཐབ་འཁྲུག་ཏུ་བཞུགས་པ་དང་། དཀའ་སྡུག་དང་ཉེན་ཁར་མི་འཛེམ་པར་གདོང་མཆོངས་བྱེད་པ་དང་བརྩེ་བ་རྣལ་མས་གཞན་ལ་ཕན་བཏགས་ཏེ། དེང་རབས་ཀྲུང་གོའི་ན་གཞོན་གྱི་ཁག་ཁུར་སྙིང་སྟོབས་མཚོན་པར་བྱས་པས་ཏང་དང་མི་དམངས་ཀྱི་བསྟོད་བསྔགས་ཆེན་པོ་ཐོབ་ཡོད། བདག་གིས་ཁྱོད་ཚོ་ལ་རྒྱར་བསམ་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་མཐའི་རྒྱལ་ཁ་ལེན་པའི་ལོ་ཡིན་པ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་མཉམ་འདྲེས་ཀྱི་ལོའང་ཡིན། དུས་རབས་གསར་བའི་ཀྲུང་གོའི་ན་གཞོན་དག་གིས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ཤིང་། ཕུགས་བསམ་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་མི་དམངས་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། ནུས་པ་ཆེན་པོ་ལྡན་པར་སྦྱོང་བརྡར་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་རླབས་ཆེན་ལས་དོན་ཁྲོད་ཞུགས་པ་དང་། ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་འབད་བརྩོན་གྱི་མདུན་བསྐྱོད་རྣམ་པ་སྲུང་འཛིན་བྱས་ནས། མི་དམངས་དུང་ཕྱུར་མང་བོ་དང་མཉམ་དུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་བསྐྱོད་གསར་བའི་ལམ་ནས་བློ་སྤོབས་ཆེན་པོས་འབད་འབུངས་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ། སྤྱི་ཚོགས་ཡོངས་ནས་ན་གཞོན་དག་བདེ་བླག་ངང་འཚར་ལོངས་འབྱུང་བར་སེམས་ཁུར་བྱེད་པ་དང་། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ལས་སྐྲུན་བྱས་རྗེས་འཇོག་པར་རྒྱབ་སྐྱོར་བྱེད་དགོས། གུང་གཞོན་ཚོགས་པས་ཏང་གིས་བསྩལ་བའི་གཟི་བརྗིད་འགན་འཁྲི་ཁུར་དུ་བླངས་ནས། རྒྱ་ཆེའི་གུང་གཞོན་ཚོགས་མི་དག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཞེས་གསུངས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།