ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་གྲུབ་འབྲས་ཀྱི་དཔྱད་ཞིབ་བྱེད་ཐབས་འགྲེམ་སྤེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་གྲུབ་འབྲས་ཀྱི་དཔྱད་ཞིབ་བྱེད་ཐབས་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

བྱེད་ཐབས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། རྦད་ཆོད་སྒོས་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པ་དང་། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་རྒྱུ་འགན་སྲུང་བྱེད་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆུ་ཚད་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་གཉིས་ཀ་མཐུན་ཐབས་ཡོང་བ་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པའི་སྐོར་གྱི་བསམ་འཆར་དང་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་ནས་བྱེད་ཐབས་འདི་གཏན་ལ་ཕབ་པ་ཡིན་ཟེར།

བྱེད་ཐབས་ལས་དཔྱད་ཞིབ་བྱ་བ་བསྒྲུབ་སྐབས་གནད་དོན་གྱི་ཁྲིད་ཕྱོགས་དང་གནད་ས་འབུར་དུ་ཐོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གནད་དོན་ལ་དམིགས་ཤིང་འབུར་དུ་ཐོན་པར་བྱེད་པ་དང་། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་དམིགས་འབེན་དང་ལས་འགན་ལ་དམིགས་ནས་དཔྱད་ཞིབ་དམིགས་ཚད་གཏན་ཁེལ་བྱེད་པར་མ་ཟད་ཁྱབ་ཁོངས་གཙོ་བོ་དང་གནད་འགག་བྱ་བ་དམ་འཛིན་བྱེད་དགོས། མི་དམངས་ཀྱིས་ཁས་ལེན་པ་དང་ཡོངས་ཁྱབ་དྲག་བཞག་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། དཔྱད་ཞིབ་རྣམ་པ་དང་གོ་རིམ་ཚད་ལྡན་ཡིན་པ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་དང་ཕན་འབྲས་ལ་ཡིད་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དཔྱད་ཞིབ་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་བཅོས་དང་འབྲེལ་ཡོད་བྱ་བ་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དང་ལེན་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།