ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་གྲོང་གསེབ་པུས་བྱ་ཐབས་སྣ་མང་སྤྱད་དེ་ཞིང་པར་ལས་ཞུགས་འབབ་འཕར་ཡོང་བ་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན་ཞིང་ལས་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་དང་། ཞིང་པར་འབབ་འཕར་ཡོང་བ། “ཞིང་གསུམ”གྱི་ཞན་ཆ་མགྱོགས་མྱུར་བསལ་བ་སོགས་ཀྱི་ལས་དོན་ལ་གཙོ་བོར་དམིགས་ཏེ། ཕན་ཡོད་ཀྱི་བྱ་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་ཀྱིས་བཟོས་པའི་གྱོང་གུན་ཚད་གཞི་དམའ་ཤོས་སུ་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཕྱིར་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

ཏོག་གསར་གློག་ཚད་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་ཕ་ཡུལ་ལ་ལོག་པའི་ཞིང་པ་ལས་མི་ཁག་གཅིག་གྲོང་གསེབ་ཏུ་ལུས་པ་ནི་མིག་སྔའི་གྲོང་གསེབ་ཀྱི་མངོན་གསལ་དོད་པའི་གནད་དོན་ཞིག་རེད། ཞིང་ལས་གྲོང་གསེབ་པུའི་གྲོང་གསེབ་ཐོན་ལས་འཕེལ་རྒྱས་སིའི་སི་ཀྲང་ཙེང་ཡན་ཏེས། ཞིང་ལས་གྲོང་གསེབ་པུའུ་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ལས་ལ་བརྟེན་ནས་ཁག་གཅིག་བརྟན་གཏོང་དང་། ལས་གྲྭའི་རྣམ་གྲངས་ལ་བརྟེན་ནས་ཁག་གཅིག་བསྡུ་བ། ལས་རྣམ་གསར་གཏོད་ལ་བརྟེན་ནས་ཁག་གཅིག་སྐྱེད་སྲིང་། ལས་གཏོད་རྒྱབ་སྐྱོར་ལ་བརྟེན་ནས་ཁག་གཅིག་སྐུལ་ཁྲིད། སྤྱི་ཕན་ལས་གནས་ལ་བརྟེན་ནས་ཁག་གཅིག་བཀོད་སྒྲིག་བཅས་ཀྱི“ཁག་གཅིག་རེ་ལྔའི”བྱ་ཐབས་བཏོན་པས། ཞིང་པ་ལས་མིར་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་དང་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ཅེས་བཤད།

ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ནི་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་རྐང་འཛིན་སྟོབས་ཤུགས་ཡིན་པས། སྣེ་འདྲེན་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཕྱོགས་ཡོངས་ནས་བྱས་ཏེ། ཏོག་གསར་གློག་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཁྲོད་ནུས་པ་མངོན་གསལ་དོད་པོ་བཏོན་ཡོད་ཅེས་ཙེང་ཡན་ཏེས་བཤད་པ་དང་། ཁོང་གིས། སྣེ་འདྲེན་ཁེ་ལས་ཀྱིས་ལས་ཐོག་ལས་ཞུགས་དང་། ལས་ཞུགས་མཉམ་སྤྱོད། བབ་བསྟུན་ལས་ཞུགས་སོགས་ཀྱི་རྣམ་པ་བརྒྱུད། ལས་ཞུགས་ཀྱི་ལས་གནས་འབོར་ཆེན་ཞིག་མཁོ་འདོན་བྱས་པ་དང་། དེའི་ཁྲོད་ཞིང་པ་ལས་མིས་70%ཟིན་ཡོད། གཞན་ཡང་། སྣེ་འདྲེན་ཁེ་ལས་ཀྱིས་མངགས་ཐོའི་ཉོ་སྒྲུབ་དང་། ཁེ་སྤོགས་ཕྱིར་སྤྲོད། མ་རྐང་དབང་ཆ་བགོ་བ་སོགས་ཀྱི་རྣམ་པར་བརྟེན་ནས། ཞིང་དུད་ཆུང་ངུ་དང་ཁྲོམ་ར་ཆེན་པོའི་དབར་འབྲེལ་མཐུད་ཡག་པོ་ཡོང་བར་སྣེ་ཁྲིད་ཐུབ་སྟབས། ཞིང་པར་ཐོན་ལས་འཁོར་འབྲེལ་གྱི་རིན་ཐང་འཕར་མ་ལས་བྱུང་བའི་ཕན་པ་སྔར་བས་མང་བ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་གྲོང་གསེབ་པུས་ད་དུང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་ཏུ་ལུས་པའི་ངལ་རྩོལ་ནུས་ཤུགས་དབུལ་པོ་ལས་ཞུགས་ལས་གཏོད་ཡོང་བར་སྐུལ་མ་ཧུར་ཐག་དང“གུད་གསབ་ལས་སྤྲོད”ཀྱི་མ་འཇོག་འཛུགས་སྐྲུན་ཁྱབ་ཁོངས་དང་ལག་བསྟར་ཁྱབ་ཁོངས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་བྱེད་པོ་སྣ་ཚོགས་ཀྱིས་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ངལ་ནུས་སྔོན་ལ་བསྡུས་ནས། ལས་ཞུགས་བྱེད་རྒྱུར་ལྕག་སྐུལ་གཏོང་བ་དང་ལས་གཏོད་ཁ་གསབ་དང་། དངུལ་གཡར་སྐྱེད་སྤྲོད། ལག་རྩལ་གསོ་སྦྱོང་སོགས་ཀྱི་སྲིད་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་དབུལ་པོའི་ཞིང་པ་གསར་གཏོད་ལས་གཏོད་བྱེད་རྒྱུར་སྣེ་ཁྲིད་བྱས་པ་དང་ལས་ཞུགས་ལས་གནས་སྔར་བས་མང་བ་བཏོད་པས་ཁོང་ཚོ་ཐག་ཉེ་ས་དང་རང་ས་རང་ཡུལ་ལ་ལས་ཞུགས་ཐུབ་པ་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།