ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་པན་ཏ་ལིས་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་པན་ཏ་ལིས་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་རིམས་ནད་འགོག་བཅོས་བྱེད་པའི་གནད་འགག་དུས་སྐབས་སུ། ནེ་པ་ལ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་བ་དེ་ལས་ནེ་པ་ལའི་མི་དམངས་དང་ཀྲུང་གོའི་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ནེ་པ་ལའི་རིམས་འགོག་གནས་བབ་ཐད་ལ་ཡིད་འཇོག་བྱེད་ཀྱིན་ཡོད་ལ། ནེ་པ་ལའི་རིམས་ནད་འགོག་རྒོལ་ཐད་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་དང་རྒྱལ་ཁབ་གཉིས་ཀྱི་འཕྲོད་བསྟེན་སྨན་བཅོས་ལས་ཁུངས་ཀྱིས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་ཆོག ཁྱོད་དང་ཙུང་ལི་ཨོ་ལིས་རྣམ་གཉིས་ཀྱི་འགོ་ཁྲིད་འོག ནེ་པ་ལ་སྲིད་གཞུང་དང་མི་དམངས་ཀྱིས་ཅིས་ཀྱང་རིམས་འགོག་ཐད་ནས་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་ཡོད། རིམས་འགོག་ལས་རྣམ་པར་རྒྱལ་རྗེས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ན་ནིང་ང་ཚོས་ཕན་ཚུན་ལ་འཚམས་འདྲི་བྱས་ཏེ་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ལ་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ནས། ཀྲུང་གོ་དང་ནེ་པ་ལའི་འཐབ་ཇུས་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

པན་ཏ་ལིས་ཀྱིས་བཤད་རྒྱུར། ཁྱེད་ཀྱི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་གོ་སྲིད་གཞུང་གིས་དུས་ཐོག་ཏུ་ནུས་ལྡན་བྱེད་ཐབས་སྤྱད་དེ་རྒྱལ་ནང་གི་རིམས་ནད་འགོས་ཁྱབ་ཏུ་འགྲོ་བ་ཚོད་འཛིན་བྱས་པར་མ་ཟད་ཧུར་ཐག་སྒོས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་པར་ནེ་པ་ལ་ཕྱོགས་ཀྱིས་གཟེངས་བསྟོད་བྱེད་པ་ཡིན། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོས་ནེ་པ་ལའི་རིམས་ནད་འགོག་རྒོལ་ཐད་ལ་མྱུར་མཁོའི་སྨན་བཅོས་དངོས་རྫས་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུ་བ་དང་། ནེ་པ་ལ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་ཁོངས་བརྒལ་བའི་ལྕགས་ལམ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ངེས་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།