ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པས་ཚན་ཁག་བགོས་ཏེ་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པས་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་ཚན་ཁག་བགོས་ཏེ་གྲོས་ཚོགས་བསྡུས་ནས། སྲ་གཟུགས་བེད་མེད་དངོས་རྫས་བཙོག་བཟོ་ཁོར་ཡུག་འགོག་བཅོས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་གཞུང་ཞབས་མི་སྣར་སྲིད་དོན་ཉེས་ཆད་གཅོད་པའི་བཅའ་ཁྲིམས་འཆར་ཟིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དབང་བཅོལ་བའི་ཀྲུང་གོ་ཧེ་ནན་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་གནས་སྐབས་ལེགས་སྒྲིག་ལག་བསྟར་འབྲེལ་ཡོད་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས།

ཚོགས་ཞུགས་མི་སྣས་ཡོངས་ཁྱབ་ཏུ་བལྟས་ན། སྲ་གཟུགས་བེད་མེད་དངོས་རྫས་བཙོག་བཟོ་ཁོར་ཡུག་འགོག་བཅོས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལས་གནས་བབ་གསར་བའི་འོག་ཏུ་སྲ་གཟུགས་བེད་མེད་དངོས་རྫས་བཙོག་བཟོ་ཁོར་ཡུག་འགོག་བཅོས་བྱས་པའི་ཉམས་མྱོང་མཚོན་པར་བྱས་ཤིང་། བཅའ་ཁྲིམས་བར་གྱི་འབྲེལ་མཐུད་ཐག་གཅོད་བཟང་བོ་བྱས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་ལག་ལེན་དགོས་མཁོ་གསལ་བོ་མངོན་པར་བྱས་ཡོད་པས། ལམ་ལུགས་ཚད་ལྡན་དང་ལག་ལེན་བྱེད་འོས་བ་ཞིག་ཡིན་པར་སྙམ།  བཟོ་བཅོས་འཆར་ཟིན་ལ་ཐེངས་མང་པོར་བཟོ་བཅོས་དང་འཐུས་ཚང་དུ་བཏང་ཞིང་ཕྱོགས་སོ་སོའི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་པ་དང་། ལམ་ལུགས་ཚད་ལྡན་གྱི་དམིགས་ཡུལ་རང་བཞིན་དང་ལག་བསྟར་རང་བཞིན་ཇེ་དྲག་ཏུ་བཏང་ཞིང་ད་ལྟ་ལམ་ལུགས་ཅུང་འཐུས་ཚང་དུ་གྱུར་ཡོད་པས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་གྲོས་འཆམ་འབྱུང་བའི་བསམ་ཚུལ་བཏོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དབང་བཅོལ་བའི་ཀྲུང་གོ་ཧེ་ནན་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་གནས་སྐབས་ལེགས་སྒྲིག་ལག་བསྟར་འབྲེལ་ཡོད་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ཐད་ནས་ཚོགས་ཞུགས་མི་སྣས་ཡོངས་ཁྱབ་ཏུ་བལྟས་ན། ཏང་ཀྲུང་དབྱང་གི་བཅོས་སྒྱུར་ཐབས་ཇུས་བཀོད་སྒྲིག་གི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་བཅོལ་བའི་ཀྲུང་གོ་ཧེ་ནན་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་གནས་སྐབས་ལེགས་སྒྲིག་ལག་བསྟར་འབྲེལ་ཡོད་བཅའ་ཁྲིམས་ གཏན་འཁེལ་ཐག་བཅད་པ་ནི་དགོས་ངེས་པ་ཞིག་ཡིན་པས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་འོས་བབས་ཐག་གཅོད་བྱེད་པའི་བསམ་ཚུལ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།