ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཡུན་ནན་དང་ཀུའེ་ཀྲོའུ་ཡི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཡུན་ནན་དང་ཀུའེ་ཀྲོའུ་ཡི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་རྒྱལ་ཁ་ལེན་པའི་བཞུགས་མོལ་ཚོགས་འདུའི་སྟེང་བཏོན་པའི་བྱ་བའི་བླང་བྱ་ལག་བསྟར་དང་དངོས་འབེབས་ལེགས་པོ་བྱས་ཏེ། རིམས་ནད་ཀྱིས་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་དང་ཐོན་ལས་འཕེལ་རྒྱས་ཐད་ལ་དཀའ་ཁག་གསར་བ་བཟོས་པ་གཅིག་སྡུད་བྱེད་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་རྗེས་ཀྱི་རྒྱུན་མཐུད་རོགས་སྐྱོར་གྱི་གནད་དོན་གསར་བ་བཅས་ལ་དམིགས་ནས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། བྱེད་ཐབས་སྣ་མང་མཉམ་དུ་སྤྱོད་པ་དང་གནད་སྨིན་ཇུས་འདོན་བྱེད་པ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དམིགས་ཚད་ཡོངས་འགྲུབ་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

༡.jpg

འདི་ནི་ཟླ4པའི་ཚེས25ཉིན་ཝང་དབྱང་གིས་ཀུའེ་ཀྲོའུ་ཡི་ཞིང་དུད་ཀྱི་ཐོན་ལས་སྣེ་ཁྲིད་དང་། ཞིང་ལས་ལག་རྩལ་གསོ་སྦྱོང་། འབབ་འཕར་དབུལ་ཐར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

ཝང་དབྱང་གིས་ཡུན་ནན་ཧྲའོ་ཐུང་དང་པི་ཅེ་ཡིས་དབུལ་ཐར་མཁྲེགས་གཏོར་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། ཞོར་ལས་པའི་ལས་ཞུགས་ནི་དབུལ་ཐར་མངོན་འགྱུར་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་། རིམས་ནད་ཀྱིས་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་ཐད་ལ་ཤུགས་རྐྱེན་བཟོས་པ་ཁྱད་བསལ་བྱེད་རྒྱུ་ནི་དེང་སྐབས་ཀྱི་འབུར་ཐོན་གནད་དོན་ཡིན། རྒྱལ་ཡོངས་ཀྱི་ལས་ཐོན་བསྐྱར་ཚུགས་བྱེད་ཚད་མགྱོགས་པའི་ནུས་ལྡན་གོ་སྐབས་དམ་འཛིན་བྱས་ཏེ། གོ་རིམ་ལྡན་པའི་ངང་དབུལ་ཕོངས་ངལ་རྩོལ་པ་ཞོར་ལས་འགྲོ་རྒྱུར་རྩ་འཛུགས་བྱེད་དགོས།  ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཕྱིར་གཏོང་བྱ་ཡུལ་དང་ནང་འདྲེན་བྱ་ཡུལ་གྱི་ངལ་ནུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ལས་གནས་བརྟན་གཏོང་དང་ལས་གནས་སྒྱུར་བའི་ཞབས་ཞུ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཀྱི་ལྡོག་མེད་ལས་འགན་ཞིག་ཏུ་བརྩིས་ནས་ཁོངས་གཏོགས་ས་ཆའི་འགན་འཁྲི་ནན་དུ་གཏོང་བ་དང་། ཞོར་ལས་པ་ཕ་ཡུལ་དུ་ཕྱིར་ལོག་རྒྱུ་སྔོན་འགོག་དང་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། དེང་སྐབས་རིམས་ནད་ཀྱིས་དབུལ་ཕོངས་ས་ཁུལ་གྱི་ཐོན་ལས་ཕྱིར་ཚོང་ཐད་ལ་དཀའ་ཁག་ཆེན་པོ་བཟོས་ཡོད་པས། ཤུགས་ཆེན་པོས་འཛད་སྤྱོད་རོགས་སྐྱོར་འགུལ་སྐྱོད་སྤེལ་ཞིང་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་བྱེད་པ་དང་། གཏན་ཁེལ་བྱས་པའི་དབུལ་སྐྱོར་རྐྱེན་སྲོལ་གྱིས་ཞིང་ལས་ཐོན་རྫས་བཙོང་དཀའ་བའི་གནད་དོན་ཐག་བཅད་ནས་དབུལ་སྐྱོར་ཐོན་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

༢.jpg

འདི་ནི་ཟླ4པའི་ཚེས24ཉིན་ཝང་དབྱང་གིས་ཡུན་ནན་ཧྲའོ་ཐུང་གི་དབུལ་ཕོངས་དུད་ཚང་དུ་དབུལ་ཐར་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ། 

ཝང་དབྱང་གིས་ནན་གྱིས་བསྟན་དོན།  ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ལས་འགན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་རྗེས་ལས་ཀའི་གཙོ་གནད་དེ་རྗེས་མཐུད་རོགས་སྐྱོར་ཐོག་འཇོག་དགོས། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་འཁོར་ཁང་འཛུགས་སྐྲུན་དང་། སྒྲིག་བཀོད་ཞིང་ལས་འཕེལ་རྒྱས། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གནས་སྤོས་དུད་ཚང་གི་ལས་ཞུགས་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་སྟེ་དུད་ཚང་གཅིག་གནས་སྤོ་དང་དུད་ཚང་གཅིག་དབུལ་ཐར་ཐུབ་པ་བྱེད་དགོས། གནས་སྤོས་མང་ཚོགས་ཀྱི་ཞིང་པ་དང་གྲོང་མི་གསར་པའི“ཐོབ་ཐང་གཉིས”འབྲེལ་མཐུད་ཡག་པོ་བྱས་ཏེ་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བའི་བླང་བྱ་ལྟར་འབྲེལ་ཡོད་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་གནས་སྤོས་མང་ཚོགས་ཐག་ཉེ་སར་སྨན་པ་བསྟེན་པ་དང་ལོ་ཚད་ལོན་པའི་བྱིས་པ་ཐག་ཉེ་སར་སློབ་ཞུགས་ཐུབ་པར་འགན་ལེན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནུས་ལྡན་གྱི་ལས་དོན་སྤེལ་བ་བརྒྱུད་དེ། གནས་སྤོའི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་བར་ཁྲིད་སྟོན་དང་། འཚོ་བའི་གོམས་གཤིས་དང་ཐོན་སྐྱེད་བྱེད་སྟངས་གསར་སྒྱུར་བྱས་ནས་རིམ་བཞིན་ཁོར་ཡུག་གསར་པ་དང་འཚོ་བ་གསར་བའི་ནང་འདྲེས་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།