ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཧན་སྨན་ཁང་དུ་ཡོད་པའི་པྲོག་གསར་གློ་ཚད་ཀྱི་ནད་པ་ཚང་མ་དྲག་སྐྱེད་བྱུང་ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4པའི་ཚེས26ཉིན་གྱི་ཕྱི་དྲོར།  ཝུའུ་ཧན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་ནས་ཝུའུ་ཧན་གྲོང་ཁྱེར་གློ་བའི་སྨན་ཁང་དུ་ལོ77ཅན་གྱི་པྲོག་གསར་གློ་ཚད་ཕོག་པའི་ནད་པ་ཏིང་ཆེ་གེ་མོས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་གཉིས་པའི་འབྲས་བུ་སྲིབ་གཤིས་རང་བཞིན་ཡིན་པ་དང་། ནད་རྟགས་སྣ་ཚོགས་མེད་པར་གྱུར་ནས། སྨན་ཁང་ནས་འབུད་པའི་ཚད་གཞིར་སླེབས་ཡོད་ཅེས་བཤད་པ་རེད། དེ་བས། ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་དུ་ཡོད་པའི་པྲོག་གསར་གློ་ཚད་ཀྱི་ནད་པ་ཚང་མ་དྲག་སྐྱེད་བྱུང་ཡོད་པ་རེད།

  ཉིན་དེའི་ཕྱི་དྲོ་པེ་ཅིན་དུ་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་སྨི་ཧྥིན་གྱིས་ཀྱང་ཝུའུ་ཧན་དང་རྒྱལ་ཡོངས་ཀྱི་ཧུའུ་པེར་རོགས་སྐྱོར་བྱེད་མཁན་གྱི་སྨན་བཅོས་མི་སྣས་ཐུན་མོང་གིས་འབད་བརྩོན་བྱས་པ་བརྒྱུད། ཚེས26ཉིན་ཝུའུ་ཧན་སྨན་ཁང་དུ་ཡོད་པའི་པྲོག་གསར་གློ་ཚད་ཀྱི་ནད་པ་ཚང་མ་དྲག་སྐྱེད་བྱུང་ཡོད་ཞེས་ངོ་སྤྲོད་བྱས་པ་རེད།

 ཚེས25ཉིན་གྱི་ཆུ་ཚོད24བར། ཧུའུ་པེ་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན་པྲོག་གསར་གློ་ཚད་གཏན་འཁེལ་བྱས་པའི་ནད་དཔེ68128སྙན་སེང་ཞུས་པ་དང་། རིམ་རྩིས་བྱས་ན་ནད་དཔེ4512ཤི་བ་དང་དྲག་སྐྱེད་བྱུང་ཚད93.38%ཟིན་པ། ཤི་ཚད6.62%ཙམ་ཟིན་པ་དང་། དེའི་ནང་ཝུའུ་ཧན་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ནད་དཔེ50333གཏན་འཁེལ་བྱས་པ་དང་། རིམ་རྩིས་བྱས་ན་ནད་དཔེ3869ཤི་ལ། ནད་གཞི་དྲག་སྐྱེད་བྱུང་ཚད92.31%ཙམ་ཟིན་ཞིང་། ནད་གཞི་ཤི་ཚད7.69%ཙམ་ཟིན་བཅས་སྙན་ཞུ་ཕུལ་བ་རེད།

 ཧུའུ་པེ་དང་ཝུའུ་ཧན་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པའི་གནས་རེད། ཝུའུ་ཧན་རྒྱལ་ན་ཧུའུ་པེ་རྒྱལ་ཐུབ་ལ། ཧུའུ་པེ་རྒྱལ་ན་རྒྱལ་ཡོངས་རྒྱལ་ཐུབ། ཧུའུ་པེ་ཞིང་ཆེན་དུ་ད་ཡོད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་གཞི་དེ་ནད་གཞི་ཆེས་མང་ཤོས་ཀྱི་ཟླ2པའི་ཚེས18ཉིན་གྱི་ནད་དཔེ50633(ཝུའུ་ཧན་དུ་ནད་དཔེ38020)ནས་ཟླ4བའི་ཚེས14ཉིན་བར་ཧུའུ་པེ་རུ་ཝུའུ་ཧན་མ་གཏོགས་པའི་ནད་པ་ཚང་མ་དྲག་ཡོད་པ་དང་། ཟླ4བའི་ཚེས21ཉིན་ཝུའུ་ཧན་དུ་ནད་པ་བྱུང་ཚད་གྲངས་གནས་གཉིས་ཀྱི་བར་ཆག་པ་དང་། དེ་ནས་ཚེས26ཉིན་སྨན་ཁང་དུ་ཡོད་པའི་པྲོག་གསར་གློ་ཚད་ཕོག་པའི་ནད་པ་ཚང་མ་དྲག་སྐྱེད་བྱུང་ཡོད་པ་སོགས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་སྨན་བཅོས་སྐྱོབ་བཅོས་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོན་ཡོད་པ་རེད།

ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་ཞོར་གཏོགས་ཞེ་ཧོ་སྨན་ཁང་གི་ནད་གཞི་ཚབས་ཆེན་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཧྲང་ཡིའུ་ཡིས་བཤར་རྒྱུར། “འདི་ནི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་ཞིག་རེད། “ཅེས་བཤད།

དེ་སྔོན་གྱི་ཟླ4བའི་ཚེས24ཉིན། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་ཀྱི་ནད་གཞི་ལྕི་མོ་ཕོག་པའི་ནད་པ་ཚང་མ་དྲག་སྐྱེད་བྱུང་ཡོད་པ་མ་ཟད། ཉིན20ལྷག་ཙམ་བསྟུད་མར་ནད་གཞི་གཏན་འཁེལ་དང་ནད་རྟགས་འདྲ་བའི་ནད་པ་གསར་པ་ཐོན་མེད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།