ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་ཧི་ནན་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་དབྱར་ཁའི་འབྲུ་རིགས་དང་ཕག་གསོ་ཐོན་སྐྱེད་བྱ་བར་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཟླ་བཞི་བའི་ཚེས་ཉེར་གཅིག་དང་ཚེས་ཉེར་གཉིས་ཉིན་གཉིས་ལ་ཧི་ནན་དང་ཧྲན་ཏུང་དུ་སོང་སྟེ་དབྱར་ཁའི་འབྲུ་རིགས་དང་ཕག་གསོ་ཐོན་སྐྱེད་བྱ་བར་མཛུབ་སྟོན་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། རྒྱུན་འཁྱོངས་ལྷོད་མེད་སྒོས་དབྱར་ཁའི་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་ཏན་ཏན་ཏིག་ཏིག་སྒོས་ཕག་གསོ་སྤེལ་ལས་རིགས་ལ་སྐུལ་འདེད་གཏོང་བར་མ་ཟད། ཧུར་ཐག་སྒོས་དབྱར་ཁའི་འབྲུ་རིགས་ཐད་ནས་ལོ་ལེགས་ལེན་པ་དང་ཕག་ཤའི་འདོན་སྤྲོད་ཁག་ཐེག་བྱེད་དགོས་ཟེར།

ཧི་ནན་དང་ཧྲན་ཏུང་ཞིང་ཆེན་གཉིས་ནི་རང་རྒྱལ་གྱི་དབྱར་འབྲུ་ཐོན་སྐྱེད་བྱེད་པའི་ས་ཁུལ་གཙོ་བོ་ཡིན་པ་དང་ཕག་གསོ་བའི་ཞིང་ཆེན་ཆེན་པོ་ཞིག་ཀྱང་ཡིན། ཧུའུ་ཁྲུན་ཧྭ་སྔ་གཞུག་ཏུ་ཧི་ནན་ཞིང་ཆེན་གྱི་ཁེ་ཧྥིན་གྲོང་ཁྱེར་དང་ཧྲན་ཏུང་ཞིང་ཆེན་གྱི་ཧི་ཙི་གྲོང་ཁྱེར་དང་ཅི་ཉིན་གྲོང་ཁྱེར་དུ་སོང་སྟེ་དབྱར་འབྲུ་ཐོན་སྐྱེད་དང་འབུའི་གནོད་འཚེ་སེལ་བ། ཕག་གསོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཞིང་བ་དང་གཞི་རིམ་མང་ཚོགས། ཚན་རྩལ་མི་སྣ། ཁེ་ལས་ཀྱི་འགན་འཁུར་བཅས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་པར་མ་ཟད་དེང་སྐབས་དཔལ་འབྱོར་འཕེལ་རྒྱས་དེ་སྔར་བྱུང་མ་མྱོང་བའི་འགྲན་རྩོད་དང་འཕྲད་ཡོད་པས། འབྲུ་རིགས་དང་ཕག་གསོ་ལས་རིགས་དམ་འཛིན་བྱེད་རྒྱུ་དེ་འབྲུ་རིགས་དང་ཞོར་ཐོན་ཚོང་རྫས་བདེ་འཇགས་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།