ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཆེས་གསར་བའི་རིམས་ནད་གནས་ཚུལ་དང་དེ་མིན་གློག་རྡུལ་ཚོང་དོན་གྱིས་འཛད་སྤྱོད་ལ་སྐུལ་འདེད་བཏང་ཞིང་དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་དང་རིམ་འཕར་ལ་རོགས་འདེགས་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས།

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་བསྡོམས་པས་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ཁྲི་བརྒྱད་དང་སྟོང་གཉིས་བརྒྱད་བརྒྱ་བཅུ་དྲུག་ཡར་ཞུ་བྱས་ཤིང་། དེའི་ནང་དུ་བསྡོམས་པས་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་དྲུག་བརྒྱ་ཉེར་དགུ་ཡོད་པ་དང་། ཉིན་དེར་ངོས་འཛིན་བྱས་པའི་ནད་པ་བཅུ་གཉིས་འཕར་སྣོན་བྱུང་ཞིང་དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་བཅུ་གཅིག་ཡོད་ལ། རང་ས་གནས་ནས་བྱུང་བའི་ནད་པ་གཅིག་ཡོད། ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད་ཉེར་བཞིའི་བར། ཧུའུ་པེ་ཞིང་ཆེན་དུ་ངོས་འཛིན་བྱས་པ་ནད་པ་གཅིག་ཀྱང་མེད་པ་དང་དོགས་ཡོད་ནད་པ་ཡང་མེད། ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ད་ལྟ་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་བསྡོམས་པས་བདུན་བརྒྱ་དང་ཉི་ཤུ་ཡོད་པ་དང་། དེའི་ནང་དུ་ནད་པ་ལྗིད་མོ་ཉེར་ལྔ་ཡོད་ལ། བསྡོམས་པས་ནད་པ་དགུ་བརྒྱ་དང་དགུ་དྲག་ཏེ་སྨན་ཁང་ནས་ཕྱིར་བུད་པ་དང་ནད་པ་གཅིག་ཀྱང་རྐྱེན་ལམ་དུ་མ་ཤོར།

ཚོང་དོན་པུའུ་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་ལས་ཁུངས་ཀྱིས་ དྲ་རྒྱའི་འཛད་སྤྱོད་དང་བཟོ་ལས་གློག་རྡུལ་ཚོང་དོན་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་དང་རིམ་འཕར་ལ་རོགས་འདེགས་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།