《ཡུལ་སྐོར་ལྗོངས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་དང་སྒྲིག་ལམ་ཡོད་པའི་སྒོ་ནས་སྒོ་འབྱེད་པའི་བྱ་བ་བཟང་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཡུལ་སྐོར་ལྗོངས་ཁུལ་ཁ་ཤས་སུ་ལྗོངས་ཁུལ་སླར་གསོ་དང་སྒོ་འབྱེད་པའི་སྐབས་སུ་ཡུལ་སྐོར་པ་འབོར་ཆེན་མཉམ་དུ་འདུས་པའི་སྣང་ཚུལ་བྱུང་སྟེ། རིམས་ནད་འགོས་ཁྱབ་ཀྱི་ཉེན་ཁ་ཇེ་ཆེར་སོང་། བཀག་རྒྱ་མེད་པར་བཟོས་རྗེས་ཀྱི་ཡུལ་སྐོར་ལྗོངས་ཁུལ་གྱི་དོ་དམ་ནན་མོ་དང་ཚད་ལྡན་དུ་བཏང་སྟེ། ཡུལ་སྐོར་ལྗོངས་ཁུལ་བདེ་འཇགས་ཡིན་ཞིང་སྒྲིག་ལམ་ཡོད་པའི་སྒོ་ནས་སྒོ་འབྱེད་པར་ཁག་ཐེག་བྱེད་ཆེད།པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལས་ཁུངས་འཐད་པ་བྱུང་བ་བརྒྱུད། རིག་གནས་ཡུལ་སྐོར་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཉིས་ཀྱིས་ཟླ4པའི་ཚེས13ཉིན་མཉམ་འབྲེལ་གྱིས《ཡུལ་སྐོར་ལྗོངས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་དང་སྒྲིག་ལམ་ཡོད་པའི་སྒོ་ནས་སྒོ་འབྱེད་པའི་བྱ་བ་བཟང་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》(གཤམ་དུ་བསྡུས་ཏེ《བརྡ་སྦྱོར》ཟེར)དཔར་འགྲེམ་བྱས།

《བརྡ་སྦྱོར》ནང་དུ་གསལ་པོར་བསྟན་དོན། སྔོན་འགོག་དང་ཚོད་འཛིན་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ།མཚམས་ཚད་བཅད་ནས་ལྗོངས་ཁུལ་གྱི་སྒོ་འབྱེད་དགོས། ས་གནས་སོ་སོས་ཡུལ་སྐོར་ལྗོངས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བཟང་པོར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཁག་བགོས་རིམ་བགོས་ཀྱི་རྩ་དོན་ལྟར། 《ཡུལ་སྐོར་ལྗོངས་ཁུལ་སླར་གསོ་དང་སྒོ་འབྱེད་པའི་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཕྱོགས་སྟོན》གྱི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། ཚད་བཀག་ཡོད་པའི་སྒོ་ནས་སྒོ་འབྱེད་པ་དང་། སྒྲིག་ལམ་ཡོད་པའི་སྒོ་ནས་སྒོ་འབྱེད་པ། སྒྲིག་ལམ་མེད་པར་སྒོ་འབྱེད་པ་ནན་འགོག་བྱ་དགོས།

《བརྡ་སྦྱོར》ནང་དུ་བླང་བྱ་བཏོན་དོན། མི་ཚོགས་ཀྱི་འཁོར་རྒྱུག་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་མི་ཚོགས་འདུས་པ་ནན་འགོག་བྱེད་དགོས། ཡུལ་སྐོར་ལྗོངས་ཁུལ་གྱིས་ཁ་ཆད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དུས་རིམ་བགོས་ནས་ལྟད་མོར་བལྟ་བར་ཁ་ཆད་བྱེད་པ་སྐུལ་སྤེལ་དང་། ཡུལ་སྐོར་པར་བར་མཚམས་བགོ་བ་དང་མི་ཚོགས་ལ་འབྱོལ་དུ་བཅུག་ནས་ཡུལ་སྐོར་བྱེད་དུ་འཇུག་པར་སྣེ་ཁྲིད། ཡུལ་དངོས་ནས་སྤ་སེ་ལེན་པ་དང་སྤ་སེ་ཉོ་བའི་ཡུལ་སྐོར་པའི་གྲངས་ཀ་ནན་ཏན་གྱིས་ཚད་བཀག་བྱེད་པ། ཡུལ་སྐོར་པའི་ཆ་འཕྲིན་ཐོ་འགོད་བྱེད་པའི་བྱ་བ་བཟང་པོར་བསྒྲུབ་པ་བཅས་བྱེད་དགོས། ས་གནས་སོ་སོས་ཡུལ་སྐོར་རླངས་འཁོར་གྱི་འགོག་བཅོས་དང་ཚོད་འཛིན་བདེ་འཇགས་དོན་འཁྱོལ་བྱས་ཏེ། རྣམ་དཔྱོད་དང་ལྡན་པའི་ཡུལ་སྐོར་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཡུལ་སྐོར་ལྗོངས་ཁུལ་གྱི་མི་ཚོགས་འཁོར་རྒྱུག་དོ་དམ་གྱི་འགག་སྒོ་མདུན་སར་བཀོད་སྒྲིག་བྱས་ནས།ཡུལ་སྐོར་པའི་འཁོར་རྒྱུག་ནན་འཛིན་བྱེད་དགོས་པའི་བླང་བྱ་བཏོན།

《བརྡ་སྦྱོར》ནང་ནན་གྱིས་བསྟན་དོན། མགོ་ཁྲིད་དང་རྩ་འཛུགས་ལ་ཤུགས་བསྣན་ནས། འགན་འཁྲི་ལས་བགོས་དོན་འཁྱོལ་བྱེད་དགོས། ས་གནས་སོ་སོས་ཡུལ་སྐོར་ལྗོངས་ཁུལ་གྱི་སྒོ་འབྱེད་པར་བྱེད་པོའི་འགན་འཁྲི་འཁུར་དགོས་པ་དང་། ལྟ་སྐུལ་མཛུབ་སྟོན་གྱི་ནང་རྐྱེན་བཙུགས་ཏེ།ཡུལ་སྐོར་ལྗོངས་ཁུལ་གྱི་སྒོ་འབྱེད་དང་ཡུལ་སྐོར་གྱི་བདེ་འཇགས་ཞིབ་བཤེར་བྱ་བར་དངོས་གནས་ཤུགས་སྣོན་བྱེད་དགོས། སྡེ་ཁག་མཉམ་འགུལ་གྱི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་ནན་ཞིབ་བྱེད་པ་དང་།བྲེལ་བསྟུན་གྱི་ཐག་གཅོད་བཀོད་སྒྲིག་གི་ནུས་པ་ཇེ་མཐོར་བཏང་སྟེ། གློ་བུར་བྱུང་བའི་གནས་ཚུལ་དུས་ཐོག་ཏུ་འོས་འཚམ་སྒོས་ཐག་གཅོད་བྱ་དགོས། ས་གནས་སོ་སོས་དྲིལ་སྒྲོག་དང་སྣེ་ཁྲིད་བཟང་པོ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཕྱོགས་སྟོན་དང་བདེ་འཇགས་ཆ་འཕྲིན་དུས་ཐོག་ཏུ་བསྒྲགས་ནས། ཡུལ་སྐོར་པས་ཡུལ་སྐོར་བྱ་འགུལ་ཁྲོད་ཀྱི་བདེ་འཇགས་ཉེན་བརྡའི་གཏན་འབེབས་བརྩི་འཇོག་བྱེད་པ་དང་། འགོག་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་གྱི་བྱ་བར་རམ་འདེགས་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་ནས་དཔལ་ཡོན་ཡུལ་སྐོར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།