ཞི་ཅིན་ཕིང་ཧྲའན་ཞི་རུ་བྱ་བར་རྟོག་ཞིབ་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས20ནས་ཚེས23ཉིན་བར་ཧྲའན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཧོ་ཕིང་དང་ཧྲིན་ཀྲང་ལིའུ་གོ་ཀྲུང་གཉིས་ཀྱི་ཕེབས་རོགས་འོག་ཞི་ཅིན་ཕིང་སྔ་རྗེས་སུ་ཧྲང་ལུའོ་དང་ཨན་ཁང་། ཞི་ཨན་སོགས་སུ་ཕེབས་ནས་རང་བྱུང་སྲུང་སྐྱོང་ཁུལ་དང་། དབུལ་ཕོངས་རི་ཁུལ། སྡེ་ཁུལ། སློབ་གྲྭ ཁེ་ལས་བཅས་ལ་ཕེབས་ཏེ། ཆིན་ལིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ་དང་། དབུལ་ཐར་འགག་སྒྲོལ། ལས་མགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་པྲོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་བཅས་ཀྱི་ཐད་ལ་བརྟག་ཞིབ་གནང་བ་མ་ཟད་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།