རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་ནས་དངོས་སུ་གནས་སྤར་བའི་མི་གྲངས་ཁྲི947ཟིན་པར་བསྟན་པ།​

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས23ཉིན་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས་ཟླ3པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པར་སྡོད་ཁང་ཁྲི266ལྷག་བསྐྲུན་ཟིན་ལ། ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་པོ་ཁྲི947གནས་སྤར་ནས་ཞག་སྡོད་བྱེད་ཚད99%ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས།

 ངོ་སྤྲོད་བྱས་པ་ལྟར་ན། ཧོ་པེ་དང་། ནང་སོག ཅི་ལིན། ཨན་ཧུའེ། ཧྥུའུ་ཅན། ཅང་ཞི། ཧྲན་ཏུང་། ཧོ་ནན། ཀོང་ཞིས། ཀུའེ་ཀྲོའུ། ཀན་སུའུ། མཚོ་སྔོན། ཉིང་ཞ། ཤིན་ཅང་སོགས་ཞིང་ཆེན་དུ་གནས་སྤོ་བྱ་བ་ལེགས་གྲུབ་བྱུང་ཞིང་། ས་གནས་ཁག་གི་སྡོད་ཁང་རྙིང་པ་ཁྲི182བཤིག་ཟིན་ལ་བཤིག་ཚད88%ཟིན་པ་མ་ཟད། ཡིག་ཚགས་དང་གཱ་བཟོས་ཡོད་པའི་གནས་སྤོ་མི་འབོར་ཁྲི900ལྷག་ལ་རྗེས་མཐུད་ཀྱི་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་པ་དང་། ངལ་རྩོལ་ནུས་ཤུགས་ཡོད་པའི་གནས་སྤོ་ཁྱིམ་ཚང89%ལ་མི་གཅིག་ཡན་གྱི་ལས་ཞུགས་བྱེད་ཐུབ་པ་བྱུང་ཡོད། ཟླ4པའི་ཟླ་དཀྱིལ་བར་བཀོད་སྒྲིག་ཁུལ26གི་ཆ་འགྲིག་སྒྲིག་བཀོད་ཀྱི་མཇུག་བསྡུའི་ལས་གྲྭ་དང་ལས་འགོ་ཚུགས་ཟིན་པའི་བཀོད་སྒྲིག་ཁུལ་ཆེ་གྲས132ཀྱི་སློབ་གསོ་དང་སྨན་བཅོས་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་རྣམ་གྲངས་ཚང་མ་ལས་འགོ་ཚུགས་ཟིན་པ་རེད།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་སྔར་ལས་ལྷག་པར་གནས་སྤོ་མང་ཚོགས་ཀྱི་ལས་ཞུགས་དང་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཀྱི་རྗེས་མཐུད་རོགས་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་གནས་སྤོ་མང་ཚོགས་རྣམས་བརྟན་པོ་ཡོང་བ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་འགྱུར་བཅས་ཡོང་བར་འགན་སྲུང་བྱ་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།