ཧན་ཀྲིན་ཨེ་ཁི་སིན་མེ་ཧྥུའུ་ཀུང་ཟིས་ཀོང་ཏུང་ཞང་ཀང་ཨོ་མིན་མཚོ་ཁུགས་ས་ཁུལ་དུ་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་པའི་ཀོང་ཏུང་ཧོས་ཀྲིག་དབྱི་ཞི་ལས་གཞི་ལས་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཁི་སིན་མེ་ཧྥུའུ་ཀུང་ཟིས་ཀོང་ཏུང་ཞང་ཀང་ཨོ་མིན་མཚོ་ཁུགས་ས་ཁུལ་དུ་དངུལ་གཏོང་འཛུགས་སྐྲུན་བྱེད་པའི་ཀོང་ཏུང་ཧོས་ཀྲིག་དབྱི་ཞི་ལས་གཞི་ལས་འགོ་རྩོམ་པའི་མཛད་སྒོ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་མཛད་སྒོར་ཞུགས་པར་མ་ཟད་ལས་འགོ་བརྩམས་པ་ཁྱབ་སྒྲོག་མཛད།

ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཧན་ཀྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིས་ཞི་ཡིས་ཀོང་ཏུང་ཧོས་ཀྲིག་ཚོགས་ར། ཨེ་ཁི་སིན་མེ་ཧྥུའུ་ཀུང་ཟིའི་ཏུང་ཧྲི་ཀྲང་ཞོར་དུ་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་འཁུར་མཁན་ཝུའུ་ཏི་ལུན་གྱིས་ཨ་མེ་རི་ཁའི་ཏ་ལ་སི་གྲོང་ཁྱེར་གྱི་ཚོགས་ར་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་རྒྱལ་ཁབ་གཉིས་དང་ས་ཁུལ་གསུམ་གྱི་ལས་གཞི་འགོ་བརྩམས་པའི་མཛད་སྒོར་ཞུགས། ལས་གཞི་འགོ་བརྩམས་པའི་མཛད་སྒོའི་སྟེང་བརྙན་རིས་བརྒྱུད་དེ་ལས་གཞིའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཨེ་ཁི་སིན་མེ་ཧྥུའུ་ཀུང་ཟི་དང་ཀོང་ཏུང་ཞིང་ཆེན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་སོ་སོར་ས་གནས་གསུམ་གྱི་ཚོགས་ར་ནས་ཤིས་ཚིག་ཕུལ། དུས་ཚོད་བཅུ་གཅིག་གི་སྟེང་། ཧན་ཀྲིན་གྱིས་ཨེ་ཁི་སིན་མེ་ཧྥུའུ་ཀོང་ཏུང་ཧོས་ཀྲིག་དབྱི་ཞི་ལས་གཞི་ལས་འགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་མཉམ་ད་ལས་གཞི་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།