རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཆེས་གསར་བའི་རིམས་ནད་གནས་ཚུལ་དང་དེ་མིན་པྲོག་གསར་གློག་ཚད་རིམས་ནད་བྱུང་སྟེ་སྨན་ཁང་ནས་བུད་པའི་ནད་པའི་དོ་དམ་གནས་ཚུལ་མཚམས་སྦྱོར་བྱས།

ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར་དུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་དམག་ཚོགས་བཅས་ཀྱིས་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ཁྲི་བརྒྱད་དང་སྟོང་གཉིས་བདུན་བརྒྱ་ང་བརྒྱད་ཡར་ཞུ་བྱས་ཤིང་། དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་སྡོམ་པས་སྟོང་གཅིག་དང་ལྔ་བརྒྱ་གྱ་བདུན་ཡོད། ཉིན་དེར་ངོས་འཛིན་བྱས་པའི་ནད་པ་བཅུ་གཅིག་འཕར་སྣོན་བྱུང་བ་དང་དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་བཞི་ཡོད་ལ། ས་གནས་ཀྱི་ནད་པ་བདུན་ཡོད། ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད་ཉེར་བཞིའི་བར་ཧུའུ་པེ་ཞིང་ཆེན་དུ་རིམས་ནད་ངོས་འཛིན་བྱས་པའི་ནད་པ་མ་བྱུང་བ་དང་དོགས་ཡོད་ནད་པ་ཡང་མ་བྱུང་། ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར་ད་ལྟ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་བརྒྱད་བརྒྱ་དང་བཅུ་གཅིག་ཡོད་པ་དང་དེའི་ནང་དུ་ནད་པ་ལྗིད་མོ་ཞེ་བཞི་ཡོད། སྡོམ་པས་ནད་པ་བདུན་བརྒྱ་དང་དོན་དྲུག་དྲག་སྟེ་སྨན་ཁང་ནས་ཕྱིར་བུད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པ་གཅིག་ཀྱང་མེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ས་གནས་སོ་སོའི་གཏན་འཁེལ་བྱས་པའི་སྨན་ཁང་དང་གཞིས་ཁུལ་སྨན་བཅོས་ལས་ཁུངས་ཀྱིས་འབྲེལ་མཐུད་དམ་པོ་བྱས་ཏེ། སྨན་ཁང་ནས་ཕྱིར་བུད་པའི་ནད་པར་ཡང་བསྐྱར་བརྟག་དཔྱད་དང་ཞིབ་བཤེར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། ནད་པ་སྔར་ལས་བདེ་ཐང་ཡོང་བར་སྐུལ་འདེད་གཏོང་དགོས། ཝུའུ་ཧན་གྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་སྨན་ཁང་ནས་བུད་པའི་ནད་པ་ཚང་མ་ཁྱིམ་ཚང་དང་སྨན་པས་གྲོས་འགོད་ཞབས་ཕྱིའི་ཁྱབ་ཁོངས་སུ་བཞག་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།