ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་ཀན་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125886928_15874739823561n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཀན་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དེང་སྐབས་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་དགོས་ལ། རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དངོས་འབེབས་ལེགས་པོ་བྱེད་པར་དམིགས་ཏེ། རྗེས་མཐུད་ལྟ་སྐུལ་དང་གནད་འཁེལ་ལྟ་སྐུལ། གོ་རིམ་ཡོངས་ལ་ལྟ་སྐུལ་བཅས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

1125886928_15874740097721n.jpg

ཀྲའོ་ལི་ཅི་སྔ་གཞུག་ཏུ་ཐེན་ཧྲོས་གྲོང་ཁྱེར་མེད་ཅི་ཆུས་ཧོང་ཡན་སྡེ་བ་དང་ཀན་སུའུ་གློག་རླངས་སྒྲིག་ཆས་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཏེན་ཞི་གྲོང་ཁྱེར་ཐུང་ཝེ་རྫོང་ཏ་ཞན་སྡེ་བ་སོགས་ལ་ཕེབས་ཏེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས་པ་དང་། རིམས་ནད་འགོག་བཅོས་དང་ལས་ཐོན་སླར་གསོ། དབུལ་ཐར་མཁྲེགས་གཏོར་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་གཞི་རིམ་ནས་དངོས་འབེབས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཁོང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་བྱས་ཏེ། ཡིད་ཆེར་ཆེར་བསྐྱེད་དང་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་པ་དང་། དངོས་གཉེར་བདེན་འཚོལ་དང་བྱ་སྤྱོད་ཁག་ཁུར་བྱེད་དགོས་ལ། རང་རྟོགས་སྒོས་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། དར་སྲོལ་བཟང་བོ་ལེགས་སྒྲུབ་བྱེད་པ་དང་དཔུང་སྡེ་ལ་སྣེ་ཁྲིད་བཟང་བོ་བྱེད་པ། མང་ཚོགས་ལ་བརྟེན་པ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པར་མ་ཟད། སྤོབས་སེམས་ལྡན་པའི་སྙིང་སྟོབས་ལ་བརྟེན་ནས་རིམས་འགོག་དང་དཔལ་འབྱོར་བརྟན་འཇགས། འཕེལ་རྒྱས་ལ་ཇུས་གཞི་འགོད་པ་སོགས་ཀྱི་བྱ་བ་སྣ་ཚོགས་ཞིབ་ཕྲ་སྒོས་དམ་འཛིན་བྱེད་དགོས་ཟེར།

རྟོག་ཞིབ་མཛད་སྐབས། ཀྲའོ་ལི་ཅི་ཡིས་འགོ་འཛིན་མཛད་དེ་ཀོང་ཞི་དང་སི་ཁྲོན། ཀོས་ཀྲིག ཡུན་ནན། ཀན་སྲུའུ། ཉིན་ཞ། ཞིན་ཅང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། གསར་སྐྲུན་རང་བཞིན་གྱི་སྒོ་ནས་བྱ་བ་བསྒྲུབ་དགོས་པ་དང་། ལོ་ཧྲིལ་བོའི་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་དགོས་པར་མ་ཟད། རྒྱུན་མཐུད་སྒོས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།