ཞི་ཅིན་ཕིང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་ཐར་སྐོར་གླེང་སྐབས་རྗེས་མཐུད་རོགས་སྐྱོར་གྱི་ཆེས་གནད་འགག་ནི་ལས་ཞུགས་རེད་ཅེས་བསྟན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས21ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཨན་ཁང་གྲོང་ཁྱེར་ཕིན་ལི་རྫོང་ལའོ་ཞན་གྲོང་རྡལ་ཅིན་ཕིང་སྡེ་ཁུལ་དུ་ཕེབས་ནས་རྟོག་ཞིབ་མཛད་པ་དང་། ས་འདིར་གྲོང་རྡལ་ཡོངས་ཀྱི་སྡེ་བ11གི་ས་བབ་ཀྱི་ཉེན་ཁ་ཆེ་བའི་ཁྱིམ་ཚང1346དང་། ས་གཤིས་ཀྱི་གནོད་འཚེ་ཐེབས་པའི་ཁྱིམ་ཚང་དང་དབུལ་ཕོངས་ཁྱིམ་ཚང་ཁྱོན་མི4173བཀོད་སྒྲིག་བྱས་ཡོད། གནས་སྤོས་ཁྱིམ་ཚང་ཝང་ཤན་ཕིང་གི་ཁྱིམ་དུ། ཞི་ཅིན་ཕིང་གིས་རྒན་གཞོན་ཚོ་དང་མཉམ་དུ་ཁ་བརྡ་བྱས་ཏེ། ཁོང་གིས་བསྟན་དོན། གནས་སྤོ་ཐུབ་པ་དང་། བརྟན་པོར་སྡོད་ཐུབ་པ། འཚོ་སྡོད་ཐུབ་ན་ད་གཟོད་བདེ་བར་གནས་ཤིང་ལས་ལ་བརྩོན་ཐུབ། བརྟན་བརླིང་ངང་བདེ་བར་སྡོད་དགོས་ན་ལས་ཞུགས་གཏན་འཇགས་ལ་བརྟེན་དགོས་པ་དང་། ལས་ཀ་གཉེར་རྒྱུ་ནི་ཐར་ལམ་གཙོ་བོ་རེད། ནན་ནན་ཏིག་ཏིག་གིས་ལས་ཞུགས་ཀྱི་ལས་དོན་ཡག་པོ་སྒྲུབ་སྟེ་ཕྱི་ཚུལ་རིང་ལུགས་བྱེད་མི་རུང་ཞེས་བསྟན། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།