ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཆིན་ལིང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་གྱི་སྐུ་སྲུང་དམག་མི་བྱེད་དགོས་ཞེས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས20ཉིན་གྱི་ཕྱི་དྲོར། ཧྲན་ཞི་རུ་རྟོག་ཞིབ་མཛད་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆིན་ལིང་ཉིའུ་པེ་ལེའང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕེབས་ནས། ཆིན་ལིང་གི་སྐྱེ་ཁམས་སྲུང་སྐྱོང་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཁོང་གིས་བསྟན་དོན།  ཆིན་ལིང་གི་ཁྲིམས་འགལ་འཛུགས་སྐྲུན་ནི་བཀའ་སློབ་ཆེན་པོ་ཞིག་རེད། ད་ནས་བཟུང་། ཧྲན་ཞི་ཞིང་ཆེན་དུ་ལས་བྱེད་པ་བྱེད་སྐབས། ཐོག་མར་བཀའ་སློབ་དེ་ཤེས་དགོས་ཏེ། ལམ་རྙིང་ལ་བསྐྱར་ལོག་གཏན་ནས་བྱེད་མི་རུང་སྟེ། ཆིན་ལིང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་གྱི་སྲུང་དམག་ཅིག་བྱེད་དགོས་ཞེས་བསྟན། །

4.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།