ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཆེས་གསར་བའི་རིམས་འགོག་གནས་ཚུལ་དང་དེ་མིན་ཁྲིམས་ལྟར་ཕྱི་ནས་ནང་ལ་མཆེད་པའི་ནད་པ་འགོག་སྲུང་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས།

ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་སུ་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་ཁྲི་བརྒྱད་དང་སྟོང་གཉིས་བདུན་བརྒྱ་དང་ཞེ་བདུན་ཡར་ཞུ་བྱས་པ་དང་། དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་བསྡོམས་པས་སྟོང་གཅིག་དང་ལྔ་བརྒྱ་གྱ་གསུམ་ཡར་ཞུ་བྱས། ཉིན་དེར་ངོས་འཛིན་བྱས་པའི་ནད་པ་བཅུ་གཉིས་འཕར་སྣོན་བྱུང་བ་དང་དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་བརྒྱད་ཡོད་ལ། ས་གནས་ཀྱི་ནད་པ་བཞི་ཡོད། ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད་ཉེར་བཞིའི་བར། ཧུའུ་པེ་ཞིང་ཆེན་དུ་ངོས་འཛིན་བྱས་པའི་ནད་པ་གསར་བ་གཅིག་ཀྱང་མ་བྱུང་བ་དང་དོགས་ཡོད་ནད་པ་གསར་བ་ཡང་གཅིག་ཀྱང་མ་བྱུང་། ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་བརྒྱད་བརྒྱ་དང་ཞེ་གཅིག་ཡོད་པ་དང་། དེའི་ནང་དུ་ནད་པ་ལྗིད་མོ་ཞེ་གསུམ་ཡོད་ལ། དོགས་ཡོད་ནད་པ་སོ་དགུ་ཡོད། བསྡོམས་པས་ནད་པ་བདུན་བརྒྱ་དང་ཞེ་གཉིས་དྲག་ཏེ་སྨན་ཁང་ནས་ཕྱིར་བུད་པ་དང་ནད་པ་གཅིག་ཀྱང་རྐྱེན་ལམ་དུ་མ་ཤོར།

སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་དང་རྒྱལ་ཁབ་གནས་སྤོར་ཅུའུ། རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུའུ་བཅས་ཀྱིས་མཚམས་སྦྱོར་བྱས་དོན། འབྲེལ་ཡོད་ས་གནས་སྲིད་གཞུང་གིས་སྔ་གཞུག་ཏུ་ཆེད་ལས་ལག་རྩལ་མི་སྣ་བརྒྱད་བརྒྱ་ལྷག་མངགས་ཏེ་ཐད་གཏོགས་སྒོ་ཁྲལ་ཉེར་གཅིག་ལ་རོགས་སྐྱོར་བྱས་ཏེ། ཕྱི་ནས་ནང་ལ་མཆེད་པའི་མི་སྣར་ཞིབ་བཤེར་ཚད་ལེན་བྱེད་པའི་དགོས་མཁོ་ཡོངས་སུ་བསྐངས། གོ་རིམ་རྗེས་མར་ཁྱིམ་མཚེས་རྒྱལ་ཁབ་ཀྱི་གནས་སྤོར་དོ་དམ་ལས་ཁུངས་ཀྱི་ཁྲིམས་སྐྱོང་མཉམ་ལས་ལ་ཤུགས་བསྣན་ཏེ། གྲུ་ཁའི་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།