ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཁྲུན་ལན་གྱིས་ཝུའུ་ཧན་དུ་ལས་གནས་གཏན་སྲུང་བྱས་ཏེ་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པའི་ཆེད་མཁས་པ་དང་བཞུགས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་སུན་ཁྲུན་ལན་གྱིས་ཝུའུ་ཧན་དུ་ལས་གནས་གཏན་སྲུང་བྱས་ཏེ་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པའི་ཆེད་མཁས་པ་དང་བཞུགས་མོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་རིམས་འགོག་བྱ་བ་གཙིགས་སུ་འཛིན་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ནད་པ་རེ་རེ་མྱུར་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

བཞུགས་མོལ་ཚོགས་འདུའི་སྟེང་། སུན་ཁྲན་ལན་གྱིས་བཤད་རྒྱུར། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཝུའུ་ཧན་ལ་ཡོང་རྗེས། ཆེད་མཁས་པའི་ནུས་པ་འདོན་སྤེལ་བྱེད་པར་ཧ་ཅང་མཐོང་ཆེན་བྱས་པ་དང་། སྔ་གཞུག་ཏུ་གྲོས་ཚོགས་ཐེངས་བརྒྱད་ཅུ་ལ་བསྡུས་ཏེ། ཆེད་མཁས་པའི་བསམ་ཚུལ་དང་གྲོས་གཞི་ལ་ཉན་པ་དང་། སྨན་བཅོས་ཇུས་གཞི་འཐུས་ཚང་དུ་བཏང་ཞིང་ཚད་ལྡན་ཅན་གྱི་སྨན་བཅོས་བྱེད་ཐབས་ལག་བསྟར་བྱས་པས་སྨན་བཅོས་གྲུབ་འབྲས་ལེགས་པོ་ཐོབ་ཟེར།

སུན་ཁྲུན་ལན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སེམས་ཞིབ་མོས་སྨན་བཅོས་བྱེད་པ་དང་ནད་པ་ལྗིད་མོར་གཉོར་སྐྱོང་ལེགས་པོ་བྱེད་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཝུའུ་ཧན་གྲོང་ཁྱེར་གྱིས་ནད་པ་བསྡུ་བ་དང་སྨན་བཅོས་བྱེད་པར་གཏན་འཁེལ་བྱས་པའི་སྨན་ཁང་གིས་ཉིན་རྒྱུན་གྱི་སྨན་བཅོས་གཙོ་གཞིའི་འགན་འཁྲི་དང་ལེན་བྱས་ཏེ། ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པའི་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། ནད་ལ་གཅིག་བསྡུས་སྒོས་གྲོས་བསྡུར་བྱེད་པ་དང་སྐོར་ཞིབ་སྐོར་བཅོས་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་སྨན་བཅོས་སྤུས་ཚད་དང་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།