ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་གིས་དམིགས་བཙུགས་ཀྱིས་ལྟ་སྐུལ་བྱས་པའི་གྱོད་གཞི་དག་ལས་དོགས་ཡོད་ཉེས་ཅན7275འཛིན་བཟུང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་ནས་ཤེས་གསལ་ལྟར་ན། ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་འགོ་བརྩམས་པ་ནས་བཟུང་། རྒྱལ་ཡོངས་ནག་སེལ་ངན་འཇོམས་གཞུང་ལས་ཁང་གིས་དམིགས་བཙུགས་ཀྱིས་ལྟ་སྐུལ་བྱས་པའི་གྱོད་གཞི་ཆེན་པོ111ཐག་གཅོད་བྱས་པ་དང་། དེའི་ནང་སྔོན་ལ་དམིགས་བཙུགས་ཀྱི་གྱོད་གཞི73ཡོད་པ་དང་། བསྡོམས་པའི་དོགས་ཡོད་ཉེན་ཅན7275འཛིན་བཟུང་བྱས་ཏེ། སྒོ་ཐེལ་རྒྱག་པ་དང་། བཀག་ཉར་བྱས་པ། གྱོད་གཞི་དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་དུང་ཕྱུར717ལྷག་བསྡམས་བཅད་བྱས་པ་རེད། ནག་ཚོགས་དང་འབྲེལ་བ་ཡོད་པའི་རུལ་སུངས་དང་སྲུང་སྐྱོབ་བྱེད་མཁན་གྱི་མི2734ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་ཐོན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།