ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་སྲུང་མཉམ་འགོག་ལམ་སྲོལ་གྱིས་ད་ལོའི་འབྲུ་རིགས་ཀྱི་ཐོནའབབ་བརྟན་ལ་མཁོ་འདོན་འགན་སྲུང་ཐུབ་པར་བཤད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2020-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ4བའི་ཚེས19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་ལེན་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕན་ཤུས་ཡིས་པར་བཏབ།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིས་ལས་ཞིང་གྲོང་པུའུ་འདེབས་འཛུགས་ལས་རིགས་དོ་དམ་སི་ཡི་སི་ཀྲང་གཞོན་པ་ལིའུ་ལི་ཧྭ་ཡིས་ཚེས19ཉིན་བཤད་རྒྱུར། དཔྱིད་འདེབས་ཀྱི་གནས་ཚུལ་ལ་བལྟས་ན། ཟླ་4བའི་ཚེས18ཉིན་བར་རྒྱལ་ཡོངས་སུ་འབྲུ་རིགས་དཔྱིད་འདེབས་རྒྱ་ཁྱོན་གྱི21%ལེགས་གྲུབ་ཟིན་པ་དང་། ན་ནིང་ལས་བརྒྱ་ཆའི1གིས་ཇེ་མགྱོགས་སུ་ཕྱིན་ཡོད། དུས་ཚིགས་རེ་རེར་ནན་འཛིན་དང་ལྷུ་ཚིགས་རེ་རེར་དམ་འཛིན་བྱས་ན་ད་ལོའི་འབྲུ་རིགས་མཁོ་སྤྲོད་ལ་འགན་ལེན་ཐུབ་པར་ཡིད་ཆེས་ཡོད། 

ལིའུ་ལི་ཧྭ་ཡིས་ཉིན་དེར་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འགོག་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། དཔྱིད་འདེབས་འབྲུ་རིགས་ཀྱི་རྒྱ་ཁྱོན་ཀྱིས་ལོ་ཧྲིལ་པོའི་རྒྱ་ཁྱོན་གྱི་ཕྱེད་ཀ་ཡན་ཟིན་པ་དང་། མིག་སྔར་སྔ་སྨིན་འབྲས་ཀྱི་ལྗང་གསོ་མཇུག་འགྲིལ་ཞིང་ཞིང་ཁའི་འདེབས་ཚད་བཅུ་ཆའི་བརྒྱད་ལས་བརྒལ་བས། ན་ནིང་ལས་བརྒྱ་ཆའི་གྲངས་2.4ཡིས་མགྱོགས་པོ་ཡོད། མིག་སྔར་ལྗང་མྱུག་སྐྱེ་འཚར་ལེགས་ཤིང་གཉིས་སྨིན་ཆུ་འབྲས་ཐོན་སྐྱེད་སླར་གསོ་ཡོང་བར་འགོ་ཡག་པོ་བཙུགས་ཡོད། 

རང་རྒྱལ་གྱི་འབྲུ་རིགས་གསོག་འཇོག་གནད་དོན་སྐོར་ལ་ལིའུ་ལི་ཧྭ་ཡིས་བཤད་རྒྱུར། མིག་སྔར་རང་རྒྱལ་དུ་འབྲུ་རིགས་གསོག་འཇོག་འདང་ངེས་ཡོད་ཅིང་། ཟ་འབྲུ་རྦད་དེ་རང་མཁོ་རང་སྤྲོད་ཐུབ་ལ་འབྲས་དང་བྱེ་གང་འདོད་དུ་ཉོས་ཆོག  

ད་ལོའི་ཟླ4བའི་ཚེས19ཉིན་ནི་དུས་རྟགས་ཉེར་བཞིའི་ནང་གི་འབྲུ་ཆར་རེད། ལིའུ་ལི་ཧྭ་ཡིས་བཤད་རྒྱུར། ཞིང་ལས་ཀྱི་དུས་ཚོད་ལྟར་ན་འབྲུ་ཆར་རྗེས་སུ་དཔྱིད་འདེབས་ཁྱོན་ཡོངས་ནས་མཐོ་རླབས་སུ་སླེབས་ཡོད། ཁོ་མོས་བཤད་རྒྱུར་ཞིང་ལས་དང་ཞིང་གྲོང་པུའུ་ཡིས་མུ་མཐུད་དུ་དཔྱིད་རྨོད་ཐོན་སྐྱེད་ཀྱི་ལས་དོན་སོ་སོ་ནན་འཛིན་ཡག་པོ་བྱས་ནས། ཞིང་པས་འདོད་མོས་དོན་འཁྱོལ་དང་འགག་རྩའི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ད་ལོའི་དཔྱིད་འདེབས་ལས་འགན་ལེགས་སྒྲུབ་བྱས་ནས། དབྱར་འབྲུའི་ཐོན་འབབ་ཡག་པོ་ཡོང་བ་བྱས་ཏེ་ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་ཀྱི་རང་བདག་དབང་ཆ་ཐོབ་པར་བྱ་དགོས།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།