ལིའུ་ཉིང་གིས་ཚན་རྩལ་ལས་གཞི་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། མཚོ་སྔོན་དགེ་འོས་སློབ་ཆེན་དུ་ཚན་རྩལ་ལས་གཞི་དང་མཚོ་བོད་ཚན་རིག་རྟོག་ཞིབ་ཕྱོགས་བསྡུས་ཞབས་ཞུའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་ཐེངས་གཉིས་པ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། ལེགས་ཆ་འདོན་སྤེལ་དང་གོ་སྐབས་དམ་འཛིན། རང་འགུལ་ངང་བྱས་རྗེས་འཇོག་པ། ཚན་རིག་ཞིབ་འཇུག་གི་མཁྲེགས་གཏོར་ཚུལ་སྒྱུར་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས་ཟེར།

ལིའུ་ཉིང་གིས་བསྟན་དོན། མཚོ་སྔོན་ལ་ས་རྒྱ་ཆེ་ཞིང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ། ཉི་འོད་ནུས་པ་འདང་ངེས་སོགས་དམིགས་བསལ་གྱི་ལེགས་ཆ་ཆེན་པོ་ལྡན་ཡོད། མིག་སྔར་རྒྱལ་ཁབ་ཀྱིས་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སོགས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་སྤྲད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆེ་ཤོས་གསུམ”གྱི་བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་མ་ལག་ཞབས་ཞུའི་རིན་ཐང་ཞིབ་རྩིས་དང་། ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་དཔྱད་འཇོག ཐཱན་འདུས་ཐོན་ལས་སོགས་ཀྱི་ཞིབ་འཇུག་ལས་དོན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཞིང་ཆེན་གྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་བ། ཚན་རིག་ཞིབ་འཇུག་མཁྲེགས་གཏོར་དངཚུལ་སྒྱུར་གྱི་འཇུག་སྒོ་དང་ཤུགས་རྒྱག་ས་ཡང་དག་འཚོལ་དགོས། གསར་གཏོད་ལ་མཐོང་ཆེན་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྲིད་གཞུང་དང་ཐོན་ལས། སློབ་སྦྱོང་། ཞིབ་འཇུག ཁེ་ལས་བཅས་ཀྱིས་ཐུན་མོང་ཐོག་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་ཆགས་གང་ཐུབ་བྱེད་པ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་རིམ་སྤོར་བྱེད་པ། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་དང“དཔལ་འབྱོར་གྱི་རྣམ་པ་བཞིའི”སྣེ་ཁྲིད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཚན་རྩལ་ལས་གཞི་གལ་ཆེན་ལ་མུ་མཐུད་དུ་ཇུས་འགོད་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི་“རིན་ཐང་ལྡན་ཚད་”དང“སྔོ་ལྗང་ལྡན་ཚད”མཐོ་རུ་ཏན་ཏིག་གཏོང་དགོས་ཟེར།

ལིའུ་ཉིང་གིས་ནན་གྱིས་བསྟན་དོན། མཚོ་བོད་ཚན་རིག་རྟོག་ཞིབ་ཕྱོགས་བསྡུས་ཞབས་ཞུའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱ་རྒྱུ་ནི་རང་རེའི་ཞིང་ཆེན་གྱིས་རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རིག་རྟོག་ཞིབ་ཀྱི་ཕན་ནུས་དང་ཞབས་ཞུའི་སྤུས་ཚད། འགན་ལེན་ཆུ་ཚད་བཅས་མཐོ་རུ་ཏན་ཏིག་བཏང་ནས། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཁྲོད་ཀྱི་མཚོ་སྔོན་གྱི་འགན་འཁྲི་ཁུར་སེམས་སྔར་ལས་མང་བ་མཚོན་ཐུབ་དགོས། པུའུ་དང་ཞིང་ཆེན་གྱི་ཚན་རྩལ་མཉམ་སྐྲུན་ལས་དོན་ལ་སྔར་ལས་ཤུགས་སྣོན་བརྒྱབ་ནས། མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་གཞི་གྲངས་ཆེན་མོའི་ལྟེ་གནས་དང་། འགྲེམས་སྟོན་ལྟེ་གནས། ཞབས་ཞུ་འགན་ལེན་རྟེན་གཞི། གྲུབ་འབྲས་ཚུལ་སྒྱུར་དཔེ་སྟོན་རྟེན་གཞི་སོགས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་ཞབས་ཞུ་འགན་ལེན་ལས་དོན་ཁག་ལ་མཐུན་སྦྱོར་ཡག་པོ་བྱེད་པ། “མཚོ་བོད་ས་མཐོ་གསུམ”འཛུགས་སྐྲུན་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།

ལིའུ་ཉིང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་བརྟན་སྲུང་མཐའ་གཅིག་ཏུ་བྱས་ཏེ། སློབ་ཞུགས་སླར་གསོ་དང་སློབ་ཁྲིད་སླར་གསོའི་ལས་དོན་བརྟན་ལ་གོ་རིམ་ལྡན་པ་དང་། སློབ་གྲྭའི་བདེ་འཇགས་དང་དགེ་སློབ་ཀྱི་བདེ་ཐང་འགན་ལེན་བྱེད་དགོས་པའི་ཐད་བླང་བྱ་ནན་མོ་བཏོན།  

ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་རྟོག་ཞིབ་བྱེད་རོགས་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།