ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁུ་ཆང་གིས་པའོ་ལན་གྱི་ཙུང་ལི་མོ་ལཱ་ཝེ་ཚི་ཅི་དང་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁུ་ཆང་གིས་པའོ་ལན་གྱི་ཙུང་ལི་མོ་ལཱ་ཝེ་ཚི་ཅི་དང་ཁ་པར་གྲོས་མོལ་བྱས།

ལིས་ཁུ་ཆང་གིས་བསྟན་དོན། དེང་སྐབས་ཀྱི་ཀྲུང་གོ་དང་པའོ་ལན་ནི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཛ་དྲག་གི་འགྲན་རྩོད་དང་ཁ་གཏད་འཇལ་གྱིན་ཡོད། ཀྲུང་གོ་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་གི་དུས་སྐབས་སུ། པའོ་ལན་སྲིད་གཞུང་དང་མི་དམངས་ཀྱིས་རོགས་རམ་གང་ལེགས་བྱས་མྱོང་། ཀྲུང་གོ་ཕྱོགས་ཀྱིས་པའོ་ལན་ཕྱོགས་དང་མཉམ་དུ་རིམས་ནད་འགོག་རྒོལ་ལ་ཤུགས་སྣོན་བྱས་ནས། པའོ་ལན་དང་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་ལ། པའོ་ལན་ཕྱོགས་ཀྱིས་ཚོང་ལས་ཀྱི་བརྒྱུད་ལམ་ལ་བརྟེན་ནས་ཀྲུང་གོའི་སྨན་བཅོས་རྒྱུ་ཆ་ཉོ་བསྡུ་དང་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བཟོ་རྒྱུ་ཡིན། པའོ་ལན་སྔ་མོ་ནས་རིམས་ནད་ལས་རྒྱལ་བར་ཡིད་ཆེས་ཡོད་ཟེར།

མོ་ལཱ་ཝེ་ཚི་ཅིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་པའོ་ལན་གྱི་རིམས་འགོག་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་སྨན་བཅོས་རྒྱུ་རྫས་ཀྱི་སྤུས་ཀ་ངོ་མ་བཟང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་པའོ་ལན་ལ་སྨན་བཅོས་རྒྱུ་ཆ་ཉོ་འཚོང་དང་སྐྱེལ་འདྲེན་སོགས་བྱེད་པའི་ཐད་སྟབས་བདེ་འདོན་སྤྲོད་བྱེད་པ་དང་། རིམས་འགོག་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པར་རེ་བ་ཡོད། པའོ་ལན་ཕྱོགས་ཀྱིས་ཕན་ཡོད་ཀྱི་བྱེད་ཐབས་སྤྱད་ནས་པའོ་ལན་དང་ཀྲུང་གོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།