ལོ་སྟོད་ཀྱི་སློབ་ཆེན་དབྱིན་ཡིག་ཚད་རིམ་བཞི་བ་དང་དྲུག་པའི་ཁ་རྒྱུགས་མེད་པར་བཟོས་པ་དང་། ཡིག་རྒྱུགས་དུས་ཚོད་རྗེས་སུ་བརྡ་ཐོ་འགོད་རྒྱུ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས16ཉིན། སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་ཀྱིས2020ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་དབྱིན་ཡིག་རིམ་པའི་ཡིག་རྒྱུགས་དང་རྒྱལ་ཡོངས་སློབ་ཆེན་གྱི་དབྱིན་ཡིག་ཚད་རིམ་བཞི་པ་དང་དྲུག་པའི་ཁ་རྒྱུགས་སོགས་མེད་པར་བཟོས་པའི་བརྡ་ཐོ་བསྒྲགས་མོད། འོན་ཀྱང་དབྱིན་ཡིག་ཚད་རིམ་བཞི་པ་དང་དྲུག་པའི་ཡིག་རྒྱུགས་ཀྱི་དུས་ཚོད་རྗེས་སུ་བརྡ་ཐོ་གཏང་རྒྱུ་རེད།

སློབ་གསོ་པུའུ་ཡིག་རྒྱུགས་ལྟེ་གནས་ཀྱིས་རྒྱལ་ཁབ་ཀྱི་རིམས་འགོག་ལས་དོན་སྐོར་གྱི་བཀོད་སྒྲིག་དང་སློབ་གསོ་པུའི་འབྲེལ་ཡོད་བརྡ་ཐོའི་བླང་བྱ་དོན་འཁྱོལ་བྱས་ནས་རྒྱུགས་སྤྲོད་སློབ་མ་དང་ཡིག་རྒྱུགས་ལས་དོན་མི་སྣའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཞིབ་འཇུག་བྱས་པ་བརྒྱུད2020ལོའི་ལོ་སྟོད་ཀྱི་ཡིག་རྒྱུགས་རྣམ་གྲངས6མེད་པར་བཟོས་པའི་ནང2020ལོའི་ཟླ3ཚེས21ཉིན་ནས་ཚེས22ཉིན་བར་གྱི་རྒྱལ་ཡོངས་ཀྱི་དབྱིན་ཡིག་རིམ་པའི་རྒྱུགས་ལེན(PETS)ཚུད་པ་དང་། 2020ལོའི་ཟླ3ཚེས21ཉིན་ནས་ཚེས24ཉིན་བར། ཟླ5ཚེས30ཉིན་ནས་ཟླ6ཚེས2ཉིན་བར་རྒྱལ་ཡོངས་ཀྱི་རྩིས་འཁོར་བཀོལ་སྤྱོད་ཆུ་ཚད་ཀྱི་རྒྱུགས་ལེན(NIT)། 2020ལོའི་ཟླ3ཚེས28ཉིན་ནས་ཚེས30ཉིན་བར་རྒྱལ་ཡོངས་ཀྱི་རྩིས་འཁོར་ཚད་རིམ་རྒྱུགས་ལེན(NCRE)། 2020ལོའི་ཟླ5ཚེས16ནས17ཉིན་བར་རྒྱལ་ཡོངས་ཀྱི་ཕྱི་སྐད་ཆུ་ཚད་རྒྱུགས་ལེན(WSK)། 2020ལོའི་ཟླ5ཚེས23ཉིན་ནས་ཚེས24ཉིན་བར་གྱི་མཛེས་རྩལ་ཚད་རིམ་ཡིག་རྒྱུགས(CCPT)། 2020ལོའི་ཟླ5ཚེས23ཉིན་ནས་ཚེས24ཉིན་བར་རྒྱལ་ཡོངས་སློབ་ཆེན་གྱི་དབྱིན་ཡིག་ཚད་རིམ་བཞི་པ་དང་དྲུག་པའི་ཁ་སྐད་རྒྱུགས་ལེན(CET-SET) བཅས་འདུས།

ཤེས་རྟོགས་བྱུང་བར་གཞིགས་ན། PETSདང་NCREགཉིས་ཀྱི་མིང་ཐོ་བཀོད་ཟིན་པའི་རྒྱུགས་སྤྲོད་སློབ་མའི་རྒྱུགས་སྤྲོད་ཡོན་དངུལ་ཚང་མ་ཕྱིར་སློག་བྱ་རྒྱུ་དང་ཞིབ་ཕྲའི་གནས་ཚུལ་རྒྱུགས་སྤྲོད་སློབ་མས་མིང་ཐོ་བཀོད་པའི་དྲ་ཚིགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ལ་དོ་ཁུར་བྱེད་དགོས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།