ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་བརྒྱུད། ཧུའུ་པེ་ལ་རོགས་སྐྱོར་དུ་ཕྱིན་པའི་དམག་དཔུང་སྨན་བཅོས་རུ་ཁག་གིས་རིམས་འགོག་ལས་འགན་ཡོངས་འགྲུབ་བྱས་ཏེ་ཕྱིར་ལོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་བརྒྱུད། ཧུའུ་པེ་ལ་རོགས་སྐྱོར་དུ་ཕྱིན་པའི་དམག་དཔུང་སྨན་བཅོས་རུ་ཁག་གིས་ཝུའུ་ཧན་ཧའོ་ཧྲིན་ཧྲན་སྨན་ཁང་དང་ཝུའུ་ཧན་གྲོང་ཁྱེར་ཐེ་ཁང་ཐུང་ཅི་སྨན་ཁང་། ཧུའུ་པེ་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་བཅས་ཀྱིས་ངོས་འཛིན་བྱས་པའི་ནད་པར་སྐྱོབ་བཅོས་ལས་འགན་ཡོངས་འགྲུབ་བྱས་རྗེས། དམངས་སྐྱོད་མཁའ་འགྲུལ་དང་མེ་འཁོར་ལ་བསྡད་ནས་འཕྲོ་རིམ་འཕྲོར་ཕྱིན་ལོག

པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། མི་དམངས་དམག་དཔུང་གིས་བློ་ཐག་རྦད་ཆོད་སྒོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ནས་བཟུང་སྐམ་དམག་དང་མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག་དཔུང་། འཐབ་ཇུས་རོགས་སྐྱོར་དམག་དཔུང་། མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་། དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱི་སྨན་བཅོས་ལས་ཁུངས་གང་མང་ནས་སྐོར་གསུམ་བྱས་ཏེ་སྨན་བཅོས་མི་སྣ་སྟོང་བཞི་ལྷག་རྩ་འཛུགས་བྱས་ནས་ཝུའུ་ཧན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ལ་རོགས་སྐྱོར་བྱས།

རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་དཀའ་ཁག་གང་རུང་ལ་མ་འཛེམ་པར་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པ་དང་། འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཐེངས་འདིའི་རིམས་འགོག་ལག་ལེན་ཁྲོད་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་གཡུར་དུ་ཟ་བའི་གྲུབ་འབྲས་བླངས།

ལས་འགན་ལག་བསྟར་བྱེད་པའི་སྐབས་སུ། ཧུའུ་པེ་ལ་རོགས་སྐྱོར་དུ་ཕྱིན་པའི་དམག་དཔུང་སྨན་བཅོས་རུ་ཁག་གིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་པ་དང་དམག་དཔུང་དང་ས་གནས་བར་ལ་རོགས་ལས་དམ་པོ་བྱས་ཤིང་། ཚན་རིག་དང་མཐུན་པར་སྨན་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། རང་ཉིད་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབས་པར་མ་ཟད། སྨན་བཅོས་དང་ནད་གཡོག  འགོག་སྲུང་། འགན་སྲུང་སོགས་ཀྱི་བྱ་བ་ཁྱོན་ཡོངས་ནས་སྒྲུབ་པ་དང་། སྨན་ཁང་གསུམ་ལ་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་སྟོང་བདུན་དང་བརྒྱ་དང་གོ་བརྒྱད་བསྡུ་ལེན་བྱས་པ་དང་སྨན་བཅོས་བྱས་ཏེ། སྨན་བཅོས་མྱུར་སྐྱོབ་ལས་འགན་ཡོངས་འགྲུབ་བྱས་ཤིང་། རིམས་འགོག་ལས་རྣམ་པར་རྒྱལ་ཞིང་སྨན་བཅོས་མི་སྣ་གཅིག་ལའང་ནད་འགོ་ཁྱབ་མ་བྱུང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།