ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་ནད་ནང་མཆེད་དང་ནང་ནད་བསྐྱར་འཕར་སྔོན་འགོག་བྱེད་པ་ལྷོད་མི་རུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ངེས་པར་དུ་ཕྱི་ནད་ནང་མཆེད་དང་ནང་ནད་བསྐྱར་འཕར་སྔོན་འགོག་བྱེད་པ་ལྷོད་མི་རུང་།སྔོན་འགོག་བྱེད་པ་མི་ལྷོད་པ།རྒྱུན་འཁྱོངས་ལྷོད་མེད་སྒོས་རིམས་ནད་འགོག་བཅོས་དང་ཚོད་འཛིན་བྱེད་པ་ལ་ནན་ཏན་མཐའ་འཁྱོལ་དང་རྒྱུན་འཁྱོངས་མཐའ་འཁྱོལ་བྱེད་དགོས་པར་མ་ཟད། ནམ་ཡང་དོགས་ཟོན་དང་འགོག་སྲུང་ཚགས་དམ་བྱེད་དགོས།”ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས། མུ་མཐུད་ནས་འགོག་བཅོས་དང་ཚོད་འཛིན་གྱི་བྱ་བ་སོ་སོ་དམ་པོར་འཛིན་དགོས་པ་དང་། ལས་ཀ་དང་ཐོན་སྐྱེད་སླར་གསོའམ་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོ་གནད་ཁེལ་དངོས་འབེབས་བྱེད་དགོས་པ་ནན་གྱིས་བསྟན་ཏེ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་གཅིག་གྱུར་སྐུལ་འདེད་གཏོང་བར་གལ་ཆེའི་བརྩི་བྱ་འདོན་སྤྲོད་བྱས།

མིག་སྔར། རང་རྒྱལ་གྱི་རིམས་ནད་འགོག་བཅོས་དང་ཚོད་འཛིན་གྱི་གནས་བབ་བསྟུད་མར་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། མངའ་ཁོངས་ནང་གི་རིམས་ནད་འགོས་ཁྱབ་ཀྱི་མཐོ་རླངས་དེ་ཡལ་ཟིན་མོད། འོན་ཀྱང་ཧུའུ་པེ་དང་ཝུའུ་ཧན་གྱི་སྨན་བཅོས་བཅོས་སྐྱོབ་དང་སྡེ་ཁུལ་གྱི་འགོག་བཅོས་དང་ཚོད་འཛིན་དང་། རྗེས་མཐུད་བྱ་བའི་ལས་འགན་བཅས་སྔར་བཞིན་དཀའ་ཚེགས་ཆེ་ཞིང་རྙོག་འཛིང་ལྡན་པ་ཞིག་རེད། ས་ཁུལ་གཞན་གྱི་མི་སྣ་འཁོར་རྒྱུག་དང་འདུ་འཛོམས་ཇེ་མང་དུ་སོང་བ་དང་བསྟུན་ནས་རིམས་ནད་བསྐྱར་འཕར་བའི་ཉེན་ཁ་སྔར་བཞིན་གནས་ཡོད་པས་སྣང་མེད་གཏན་ནས་བྱེད་མི་རུང་། དེ་དང་མཉམ་དུ། མངའ་ཁོངས་ཕྱི་ཡི་རིམས་ནད་ཁྱབ་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་ནང་དུ་མཆེད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། ངེས་པར་དུ་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་གནས་བབ་ཀྱི་རྙོག་འཛིང་རང་བཞིན་དང་ཚབས་ཆེའི་རང་བཞིན་གསལ་པོར་རྟོགས་དགོས་ལ། ཕྱི་ནད་ནང་མཆེད་དང་ནང་ནད་བསྐྱར་འཕར་སྔོན་འགོག་བྱེད་པ་མི་ལྷོད་པ།་སྔོན་འགོག་བྱེད་པ་མི་ལྷོད་པ།་གཙོ་གནད་དུ་བཟུང་སྟེ་འགོག་བཅོས་དང་ཚོད་འཛིན་གྱི་བྱ་བ་སོ་སོ་ལེགས་པར་བསྒྲུབ་པ་དང་། དཀའ་ཁག་གང་མང་བརྒྱུད་ནས་ཐོབ་པའི་རིམས་ནད་གནས་ཚུལ་ཇེ་ལེགས་སུ་འགྲོ་བའི་གནས་བབ་སྔར་ལས་ལྷག་པར་སྲ་བརྟན་དུ་བཏང་ནས། རིམས་ནད་འགོག་སྲུང་རྒྱུན་རྣམ་ཅན་དུ་སྤེལ་བའི་ཐོན་སྐྱེད་འཚོ་བའི་གོ་རིམ་མགྱོགས་མྱུར་གྱིས་སླར་གསོ་བྱེད་པར་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་དགོས།

གནས་བབ་ཀྱིས་ལས་འགན་ཐག་གཅོད་པ་དང་། འགུལ་སྐྱོད་ཀྱིས་གྲུབ་འབྲས་ཐག་གཅོད་པ་ཡིན། གོ་ལ་ཧྲིལ་པོར་རིམས་ནད་མཆེད་པ་དང་བསྟུན་ནས་ཕྱི་ནད་ནང་མཆེད་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པའི་གནས་བབ་གསར་པར་གདོང་གཏོད་དུས། ཕྱི་ནད་ནང་མཆེད་སྔོན་འགོག་བྱེད་པ་ལ་ངེས་པར་དུ“ནན་ཏན”གྱི་སྟེང་དུ་ཤུགས་འདོན་དགོས་ལ། འགག་སྒོ་སོ་སོ་ནན་ཏན་གྱིས་སྲུང་བ་དང་འགོག་བཅོས་དང་ཚོད་འཛིན་གྱི་བྱེད་ཐབས་སོ་སོ་ནན་ཏན་གྱིས་དངོས་འབེབས་བྱེད་དགོས། སྔར་ལས་ལྷག་པར་ནང་དུ་མཆེད་པའི་ཉེན་ཁ་འགོག་སྲུང་བྱེད་ཐབས་དང་སྲིད་ཇུས་བྱེད་ཐབས་ལ་ཤུགས་བསྣན་ཏེ། “གནམ་གྲུའི་སྒོ་ནས་ཁྱིམ་གྱི་སྒོ”ཡི་བར་དུ་ནང་སྡོམ་རྣམ་པའི་འགོག་བཅོས་དང་ཚོད་འཛིན་གྱི་དོ་དམ་མ་ལག་འཛུགས་དགོས། མངའ་ཁོངས་ཕྱིའི་རིམས་ནད་ནན་གྱིས་འགོག་པ་ནི་ད་ལྟ་དང་རྗེས་ཕྱོགས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་རིམས་ནད་འགོག་བཅོས་དང་ཚོད་འཛིན་གྱི་གལ་ཆེའི་ནང་གི་དོན་ཆེན་དུ་འཛིན་དགོས་ལ། འགོག་བཅོས་དང་ཚོད་འཛིན་བྱེད་ཐབས་ཀྱི་ཁ་གཏད་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་བཏང་ནས། མངའ་ཁོངས་ཕྱིའི་རིམས་ནད་ནང་དུ་མཆེད་པའི་ཉེན་ཁར་གདོང་གཏོད་པའི་སྲ་བརྟན་གྱི་འགོག་སྲུང་ལྕགས་རི་འཛུགས་དགོས།

ལེ་དབར་དགུ་བཅུར་བསྐྱོད་ཀྱང་བརྒྱ་ཡི་ཕྱེད་ཀ་ཡིན་ཞེས་པ་བཞིན། ནང་ནད་བསྐྱར་འཕར་སྔོན་འགོག་གི་གནད་འགག་ནི་ལྷོད་གཡེང་སྤུ་ཙམ་མེད་པར་ནམ་ཡང་གཟབ་ནན་བྱེད་པ་དེ་ཡིན་ཏེ། རིམས་ནད་འགོག་བཅོས་དང་ཚོད་འཛིན་གྱི་ནུས་ཤུགས་མི་ཉམས་པ་དང་ལས་ཀ་མི་ལྷོད་པ་བྱེད་དགོས། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་འགོག་བཅོས་དང་ཚོད་འཛིན་གནས་བབ་ཀྱི་འགྱུར་ལྡོག་གསར་པར་དམིགས་ནས། བབ་བསྟུན་བྱེད་ཐབས་དང་རྒྱུན་རྣམ་ཅན་གྱི་འགོག་བཅོས་དང་ཚོད་འཛིན་ཟུང་འབྲེལ་བྱས་ཏེ། དུས་ཐོག་ཏུ་འགོག་བཅོས་དང་ཚོད་འཛིན་གྱི་ཐབས་ཇུས་དང་ཁ་གཏད་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། བག་གཡེང་གི་བསམ་བློ་དང་འཐབ་མོར་གཞོལ་བའི་བསམ་པ། སྟབས་བསྟུན་གྱི་བསམ་བློ། ལྷོད་གཡེང་གི་འདུ་ཤེས་བཅས་མཐའ་གཅིག་ཏུ་སེལ་བར་བྱས་ཏེ། མི་མངོན་པའི་བསྐྱར་འཕར་གྱི་ཉེན་ཁར་ཚད་མཐོ་བའི་དོགས་ཟོན་བྱེད་དགོས། ནད་རྟགས་མེད་པའི་འགོས་ནད་ཅན་གྱི་དོ་དམ་བྱ་བར་ཤུགས་སྣོན་དགོས་པ་དང་། ནད་རྟགས་མེད་པའི་འགོས་ནད་ཅན་ལ་ལྟ་རྟོག་དང་རྗེས་འདེད། ལོགས་དགར། སྨན་བཅོས་བཅས་བྱེད་པ་དེ་འགོག་བཅོས་དང་ཚོད་འཛིན་གྱི་གཙོ་གནད་དུ་བཟུང་སྟེ། འདེམ་སྒྲིག་བརྟག་དཔྱད་ལ་ཤུགས་སྣོན་པ་དང་། “སྔ་མོ”བཞི་ཡི་བླང་བྱ་ནན་ཏན་སྒོས་དངོས་འབེབས་བྱེད་པ། ཆ་འཕྲིན་ཁྱབ་སྒྲོག་དང་ཡོངས་སྒྲོག་གསལ་པོ་བྱེད་པ། སྙན་ཞུ་འཕྱི་འགྱངས་དང་ཆད་ལུས་མི་བཟོ་བ། དུས་ལྟར་དུ་ཉེན་ཁ་སེལ་བ། མཐའ་གཅིག་ཏུ་རིམས་ནད་བསྐྱར་འཕར་སྔོན་འགོག་བཅས་བྱེད་དགོས།

རིམས་ནད་སྔོན་འགོག་གི་གྲུབ་འབྲས་ནི་ཐོབ་པར་དཀའ་བ་དང་། རིམས་ནད་འགོག་རྒོལ་ལ་མུ་མཐུད་ནས་ཤུགས་འདོན་དགོས། ཕ་བོང་རི་ལ་ཟུག་པ་ལྟ་བུའི་སྲ་བརྟན་དང“གོ་ཁྲབ་མ་ཧྲལ་སླར་མི་ལོག”པའི་སྙིང་སྟོབས་ལ་བརྟེན་ནས། ཕྱི་ནད་ནང་མཆེད་དང་ནང་ནད་བསྐྱར་འཕར་སྔོན་འགོག་བྱེད་པ་མི་ལྷོད་པའི་བྱ་བ་སོ་སོ་དོན་དངོས་ཐོག་ཏུ་འཁྱོལ་བར་བྱས་ན། ང་ཚོ་རིམས་ནད་འགོག་བཅོས་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་སྤྱིའི་དམག་འཁྲུག འགོག་རྒོལ་དམག་འཁྲུག་བཅས་ལས་རྣམ་པར་རྒྱལ་ངེས། །  

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།