ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས16ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བརྒྱད་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《མཐུན་སྒྲིལ་མཉམ་ལས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བའི་མཚོན་ཆ་ནུས་ལྡན་ཞིག་ཡིན》ཞེས་པ་བཀོད་ཡོད་པ་རེད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། མིའི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་སྡུག་ལ་འབྲེལ་བ་ཡོད་པའི་ནད་ཡམས་ལས་རྣམ་པར་རྒྱལ་ཏེ། མཐུན་སྒྲིལ་མཉམ་ལས་ནི་ཆེས་ནུས་ལྡན་གྱི་མཚོན་ཆ་ཞིག་ཡིན། མིག་སྔར། པྲོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འཇིགས་སྐུལ་ཆེན་པོ་ཐེབས་ཏེ། གོ་ལ་ཧྲིལ་པོའི་སྤྱིའི་འཕྲོད་བསྟེན་བདེ་འཇགས་ལ་ཡང་འགྲན་སློང་ཧ་ཅང་ཆེན་པོར་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཆེས་མཁོ་བ་ནི་ཡིད་ཆེས་བརྟན་པོ་དང་། སེམས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་གྱིས་ཁ་གཏད་འཇལ་བ་བཅས་ཡིན་ཏེ། རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ནས་ཐེངས་འདིའི་རིམས་ནད་དང་མིའི་རིགས་བར་གྱི་འཐབ་རྩོད་ལ་རྒྱལ་ཁ་ལེན་རྒྱུ་དེ་རེད། ང་ཚོས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ཚེ་རིམས་ནད་ལས་རྣམ་པར་རྒྱལ་ནས་མིའི་རིགས་འཕེལ་རྒྱས་འགྲོ་བའི་འབྱུར་འགྱུར་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་ཐུབ་ཞེས་བསྟན། 

རྩོམ་ཡིག་ནང་བསྟན་དོན། ནད་དུག་ལ་རྒྱལ་མཚམས་མེད་ལ་རིམས་ནད་ལ་རིགས་རྒྱུད་མེད། རྒྱལ་ཁབ་གང་གིས་ཀྱང་དེ་སྣང་མེད་དུ་གཏོང་མི་རུང་སྟེ། རང་མགོ་རང་ཐོན་བྱེད་དགོས། མིའི་རིགས་ཡོངས་ཀྱིས་ཐུན་མོང་གིས་འབད་བརྩོན་བྱས་ན་ད་གཟོད་རྒྱལ་ཁ་ལེན་ཐུབ། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་དུས་སྐབས་འདིར། གློ་བུར་དུ་བྱུང་བའི་དོན་རྐྱེན་ཚབས་ཆེན་འདི་ལྟ་བུ་ནི་ཆེས་མཐའ་མཇུག་མིན་པར། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་གནད་དོན་སྣ་ཚོགས་ཀྱིས་ད་དུང་ཉམས་ཚོད་གསར་པ་འབྱུང་ངེས་རེད། ཐེངས་འདིའི་གོ་ལ་ཧྲིལ་པོའི་སྤྱིའི་འཕྲོད་བསྟེན་གྱི་འཇིག་ཉེན་དེར་ཁ་གཏད་གཅོག་པའི་བརྒྱུད་རིམ་ཁྲོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་དང་གལ་ཆེའི་རང་བཞིན་སྔར་བས་མངོན་གསལ་དོད་པོར་ཕྱིན་ཡོད། མཐུན་སྒྲིལ་རོགས་ལས་དང་ལག་གདང་སྦྲེལ་ནས་ཁ་གཏད་བཅག་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞི་ནས་རིམས་ནད་ལས་རྣམ་པར་རྒྱལ་ནས་མིའི་རིགས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱེད་ཐུབ་ཅེས་བསྟན།

 རྩོམ་ཡིག་ནང་བསྟན་དོན། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བཅས་ཀྱི་རྣམ་འགྱུར་ཐོག་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་ལ་རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་བརྡ་ཁྱབ་བཏང་སྟེ། དུས་ཐོག་ཏུ་ནད་དུག་གི་གཞི་རྒྱུའི་རིམ་སྟར་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེས་ཏེ། རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་སྤེལ་བ་དང་། མཉམ་དུ་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པ། ཀྲུང་གོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱས་ཏེ། མཐའ་གཅིག་ཏུ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།

 རྩོམ་ཡིག་ནང་བསྟན་དོན།  ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོར་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ལ་དཀའ་ངལ་ཆེ་བའི་སྐབས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མི་མང་པོ་ཞིག་གིས་ཀྲུང་གོ་ཕྱོགས་ལ་ལྷག་བསམ་རྣམ་དག་གི་རོགས་རམ་དང་རྒྱབ་སྐྱོར་བྱས་ཡོད་པས་ང་ཚོས་མཛའ་བརྩེ་འདི་བརྗེད་མི་སྲིད།  ཀྲུང་ཧྭ་མི་རིགས་ནི་དྲིན་ལན་འཇལ་ཤེས་བའི་མི་རིགས་ཤིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ནུས་པ་ཅི་ལྕོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱས་ནས་ཐུན་མོང་གིས་གོ་ལ་ཧྲིལ་པོའི་སྤྱིའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱེད་ཀྱིན་ཡོད་ཅེས་བསྟན།

  རྩོམ་ཡིག་ནང་བསྟན་དོན། སྤྱིའི་འཕྲོད་བསྟེན་བདེ་འཇགས་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་ཡིན་ཏེ། འགོས་ནད་ཚབས་ཆེན་ནི་མིའི་རིགས་ཡོངས་ཀྱི་དགྲ་བོ་ཡིན་པས་རྒྱལ་ཁབ་སོ་སོས་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། རིམས་ནད་ལས་རྣམ་པར་རྒྱལ་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་དགོས། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཐུན་མོང་གིས་ས་ཁུལ་དང་གོ་ལ་ཧྲིལ་པོའི་སྤྱིའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་འདོད་པ་སྟེ། དང་པོ། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གོ་ལ་ཧྲིལ་པོའི་འགོག་རྒོལ་དམག་འཐབ་ཡག་པོ་རྒྱག་དགོས། གཉིས་པ། རྒྱལ་སྤྱིའི་མཉམ་འགོག་མཉམ་བཅོས་ནུས་ལྡན་ངང་སྤེལ་དགོས། གསུམ་པ། ཧུར་ཐག་གིས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་དགོས། བཞི་པ། རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་དགོས།

རྩོམ་ཡིག་ནང་བསྟན་དོན། ཀྲུང་གོས་དུས་ཐོག་ཏུ་འཕྲལ་ཐག་ཆོད་པོས་བྱེད་ཐབས་སྤྱད་དེ་རིམས་ནད་ལ་འགོག་རྒོལ་བྱེད་ཆེད་བློས་གཏོང་ཆེན་པོ་བྱས་ཡོད། ཀྲུང་གོ་མི་དམངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ལས་ཕྱོད་བཅས་མངོན་པ་དང་། ཀྲུང་གོས་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པར་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་ཆབས་ཅིག  ཧུར་ཐག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་ལས་དང་ཆ་འཕྲིན་སྤེལ་རེས་བྱས་ནས། མགྱོགས་མྱུར་གྱིས་ནད་དུག་ཁག་ཅིག་གི་གཞི་རྒྱུ་ཡོངས་འཛམ་གླིང་ལ་མཉམ་སྤྱོད་བྱེད་པ་དང་། ཞིབ་བཤེར་ཚད་ལེན་གྱི་ཚོད་ལྟའི་སྨན་སྒམ་ཞིབ་བཟོ་ལེགས་གྲུབ་བྱུང་བ་དེ་ནི་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོ་བདེ་ཐང་ལ་འགན་འཁུར་བ་མ་ཟད།  འཛམ་གླིང་གི་སྤྱིའི་འཕྲོད་བསྟེན་བྱ་གཞག་ལ་བྱས་རྗེས་ཀྱང་བཞག་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།