ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་གཉིས་ཀྱིས་མཐོ་རིམ་སློབ་གྲྭའི་སློབ་མས་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སློབ་གྲྭའི་ཕྱི་རོལ་དུ་འགྲོ་མི་ཆོག་ཅེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སློབ་གསོ་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས《སློབ་ཆེན་དང་ཆེད་ལས་སློབ་གླིང་གི་པྲོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ལག་རྩལ་ཇུས་གཞི》པར་འགྲེམས་བྱས་ཏེ། སློབ་མ་རྣམས་སློབ་གྲྭར་མ་ཞུགས་སྔོན་ལ་ལུས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་བྱས་ནས་ཚད་ལོངས་བ་ཡིན་ན་སློབ་གྲྭར་བསྐྱོད་ཆོག་པ་དང་། དམིགས་བསལ་གྱི་གནས་ཚུལ་མེད་ན་ཁྱིམ་བདག་རྣམས་སློབ་གྲྭའི་ནང་ཡོང་བར་སྔོན་འགོག་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ་སློབ་མ་རྣམས་སློབ་གྲྭའི་ཕྱི་རོལ་ཏུ་འགྲོ་མི་ཆོག་ལ། མི་ཚོགས་འདུ་འཛོམས་བྱེད་ས་དང་ལྷག་པར་དུ་མཁའ་རླུང་འཁོར་རྒྱུག་ཅུང་ཞན་པའི་ཁོར་ཡུག་ཏུ་འགྲོ་མི་རུང་བ་རེད། གལ་ཏེ་སློབ་གྲྭའི་ཕྱི་རོལ་ཏུ་འགྲོ་དགོས་ཚེ་ངེས་པར་དུ་དགོངས་པ་ཞུ་བའི་འགྲོ་ལུགས་ལག་བསྟར་ནན་མོ་སྒྲུབ་ནས་འགྲོ་སྐྱོད་ལམ་ཐིག་དང་འགྲོ་སྐྱོད་བྱེད་སྟངས་གསལ་བོ་འབྲི་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།