ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སེ་ཨར་ཝེ་ཡའི་ཙུང་ཐུང་ཝུའུ་ཆེ་ཆི་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེ་ཨར་ཝེ་ཡའི་ཙུང་ཐུང་ཝུའུ་ཆེ་ཆི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བཤར་རྒྱུར། ཀྲུང་གོ་དང་སེ་ཨར་ཝེ་ཡའི་བར་གྱི་འབྲེལ་བ་ནི་ཆེས་ཟབ་པའི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཀྱི་འབྲེལ་བ་ཡིན་ཏེ། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཚོད་བགམ་མདུན་དུ་རྒྱལ་ཁབ་གཉིས་ཀྱིས་སླར་ཡང་བྱ་སྤྱོད་ངོ་མའི་ཐོག་ནས་སྤུན་ཟླའི་བརྩེ་སེམས་དང་གཅིག་སེམས་གཅིག་གཏད་ཀྱི་གྲོགས་པོའི་དྲང་བདེན་མངོན་པར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་སེ་ཨར་ཝེ་ཡའི་མི་དམངས་ལ་འཕྲད་པའི་རིམས་ནད་ཀྱི་འཇིགས་སྐུལ་ལ་མྱོང་ཚོར་ཟབ་མོ་ཡོད་དེ། སེ་ཨར་ཝེ་ཡའི་ཕྱོགས་ལ་དགོས་མཁོ་ཆེ་བའི་སྨན་བཅོས་འགོག་སྲུང་གི་དངོས་ཟོག་མཁོ་འདོན་བྱས་ཏེ། ཆུ་ཚད་མཐོ་བའི་སྨན་བཅོས་ཆེད་མཁས་པའི་ཚན་ཆུང་མངགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་སེ་ཨར་ཝེ་ཡའི་ཕྱོགས་ཀྱི་རིམས་ནད་འགོག་པའི་ཐད་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཁྱེད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དཔའ་ངར་ཞུམ་མེད་ཀྱི་སེ་ཨར་ཝེ་ཡའི་མི་དམངས་སྔ་མོ་ནས་ནད་ཡམས་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་སེ་ཨར་ཝེ་ཡའི་བར་གྱི་འབྲེལ་བ་ཟབ་མོ་དང་དམིགས་བསལ་གྱི་མཛའ་གྲོགས་ཏེ་རྔུལ་ཁྲག་དང་སྙིང་སྟོབས་ལ་བརྟེན་ནས་བྱུང་བ་རེད། ཉེན་ཁ་དང་འགྲན་སློང་གང་ཞིག་ཡིན་རུང་། ཀྲུང་གོ་དང་སེ་ཨར་ཝེ་ཡའི་བར་གྱི་བརྩེ་བ་སྔར་བས་སྲ་བརྟན་དུ་འགྲོ་རྒྱུ་ལས་གཞན་མེད། ཀྲུང་གོ་ཕྱོགས་ཀྱིས་སེ་ཨར་ཝེ་ཡའི་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་སྤྱོད་དྲང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཐུན་མོང་གིས་རིམས་ནད་འགོག་པའི་ཚོད་བགམ་བརྒྱུད། ཀྲུང་གོ་དང་སེ་ཨར་ཝེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་རྒྱུའི་ཡིད་ཆེས་ཡོད་ལ། ཀྲུང་གོ་དང་སེ་ཨར་ཝེ་ཡའི་མཛའ་མཐུན་ཡུན་རིང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས།

  ཝུའུ་ཆེ་ཆི་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཚོད་འཛིན་ཐུབ་པས་ང་སེམས་གཏིང་ནས་དགའ་པོ་བྱུང་ཡོད། སེ་ཨར་ཝེ་ཡའི་མི་དམངས་དཀའ་ངལ་ཆེ་བའི་སྐབས་སུ་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་བྱས་ཏེ། ལྷག་པར་དུ་ཀྲུང་གོ་ཕྱོགས་ཀྱི་སྨན་བཅོས་ཆེད་མཁས་པ་ཚན་ཆུང་གིས་སེ་ཨར་ཝེ་ཡའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པས་ང་ཚོས་ནམ་ཡང་བརྗེད་མི་སྲིད། ཀྲུང་གོས་སེ་ཨར་ཝེ་ཡའི་མི་དམངས་ལ་རིམས་ནད་ལས་རྣམ་པར་རྒྱལ་བའི་རེ་བ་བཅངས་ཡོད། དཀའ་ངལ་དང་འགྲན་སློང་གང་ཞིག་འཕྲད་རུང་སེ་ཨར་ཝེ་ཡའི་མི་དམངས་ནི་ནམ་ཡང་ཀྲུང་གོ་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་དང་བློས་འགེལ་ཆོག་པའི་གྲོགས་པོ་ཡིན་ཏེ། སེ་ཨར་ཝེ་ཡའི་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རང་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་བདག་སྐྱོང་ཡག་པོ་བྱས་ཏེ། ངས་མུ་མཐུད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།