ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས་རིམས་ནད་ཀྱི་གནས་ཚུལ་གསར་བ་དང་ཁྲིམས་ལྟར་རིམས་ནད་ཕྱི་རྒྱལ་ནས་རྒྱལ་ནང་དུ་ཁྱབ་པར་སྔོན་འགོག་ཚོད་འཛིན་བྱེད་པའི་གནས་ཚུལ་ངོ་སྤྲོད་བྱས།

ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་སྟེང་བར་དུ། ཞིང་ཆེན་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱིས་བསྡོམས་པས་པྲོག་གསར་ནད་དུག་འགོས་པའི་ནད་པ་ཁྲི་བརྒྱ་དང་སྟོང་གཉིས་བརྒྱ་དང་དྲུག་ཅུ་ཡོད་པ་སྙན་ཞུ་ཕུལ་བ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་དོན་བརྒྱད་ཡོད། ཉིན་དེར་གསར་དུ་བྱུང་བའི་ནད་པ་བརྒྱ་དང་བརྒྱད་ཡོད་པ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་གོ་བརྒྱད་ཡོད་ལ། རང་ས་ཆའི་ནད་པ་བཅུ་ཡོད། ནད་རྟགས་གཏན་ཁེལ་བྱས་པའི་ད་ཡོད་ནད་པ་སྟོང་གཅིག་བརྒྱ་དང་ང་དྲུག་ཡོད་པ་དང་། དེའི་ཁྲོད་ནད་ལྕི་མོའི་ནད་བརྒྱ་དང་ཉེར་གཅིག་ཡོད་ལ། ནད་པ་སྟོང་གསུམ་དང་སུམ་བརྒྱ་ཞེ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ཉིན་དེར་རྐྱེན་ལམ་དུ་ཤོར་བའི་ནད་པ་གཉིས་ཡོད། ནད་པ་ཁྲི་བདུན་དང་སྟོང་བདུན་དྲུག་བརྒྱ་རེ་གསུམ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད། དོགས་ཡོད་ནད་པ་དོན་གཉིས་ཡོད་པ་དང་། ཉིན་དེར་གསར་དུ་བྱུང་བའི་དོགས་ཡོད་ནད་པ་དྲུག་ཡོད་ལ། དེ་ཚང་མ་ཕྱི་རྒྱལ་ནས་ཡོང་བའི་ནད་པ་རེད། ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན། ཧུའུ་པེ་རུ་ནད་པ་གསར་བ་དང་དོགས་ཡོད་ནད་པ་་གཅིག་ཀྱང་མ་བྱུང་། ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་སྟེང་བར། ཕྱི་རྒྱལ་ཡོང་བའི་ནད་པ་བརྒྱད་བརྒྱད་ང་རེ་བདུན་ཡོད་པ་དང་། དེའི་ཁྲོད་ནད་ལྕི་བའི་ནད་པ་སོ་བརྒྱད་ཡོད་ལ། དོགས་ཡོད་ནད་པ་དོན་གཉིས་ཡོད་པ་དང་། ནད་པ་ལྔ་བརྒྱ་དང་བཅུ་གཅིག་དྲག་སྐྱེད་བྱུང་ནས་སྨན་ཁང་ལ་བུད་ལ། ནད་པ་གཅིག་ཀྱང་རྐྱེན་ལམ་དུ་ཤོར་མེད། ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན། སྨན་བཅོས་ལྟ་ཞིབ་དང་ལེན་བྱེད་བཞིན་པའི་ནད་རྟགས་མི་མངོན་པའི་པྲོག་གསར་ནད་དུག་འགོས་པའི་གསར་སྣོན་ནད་པ་རེ་གཅིག་ལ་བུད་པ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་པ་བཅུ་གཉིས་ཡོད་ལ། ཉིན་དེར་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་ཉེར་བརྒྱད་ལ་སླེབས་པ་དང་། དེ་ཚང་མ་ཕྱི་རྒྱལ་ནས་ཡོང་བའི་ནད་པ་རེད། ཉིན་དེར་སྨན་བཅོས་ལྟ་ཞིབ་བྱེད་མི་དགོས་པ་ཐག་བཅད་པའི་ནད་པ་ང་ལྔ་ཡོད་པ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་པ་དགུ་ཡོད། སྨན་བཅོས་ལྟ་ཞིབ་དང་ལེན་བྱེད་ཀྱིན་པའི་ནད་རྟགས་མི་མངོན་པའི་ནད་པ་སྟོང་གཅིག་དང་རེ་བཞི་ཡོད་ལ། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་པ་སུམ་བརྒྱ་དང་བདུན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།