ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་དཔུང་གིས་སྐོར་ཞིབ་བྱ་བ་བསྒྲུབ་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་དཔུང་གིས་སྐོར་ཞིབ་བྱ་བ་བསྒྲུབ་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་ལ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པ་དང་ཏང་གི་སྒྲིག་ཡིག་ལ་བརྩི་འཇོག་བྱེད་པ།  སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་ཆབ་སྲིད་སྐོར་ཞིབ་བྱེད་པར་གཅིག་གྱུར་སྒོས་བཀོད་འདོམས་བྱེད་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་གཞི་རིམ་དུ་དངོས་འབེབས་བཟང་བོ་བྱས་ནས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཁྱོན་ཡོངས་ནས་དམག་དཔུང་ལ་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ནུས་ལྡན་སྒོས་དུས་རབས་གསར་བའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ལག་བསྟར་བྱེད་པར་སྟོབས་ལྡན་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར།

བསམ་འཆར་ནང་དུ་གཙོ་བོ་ཕྱོགས་ལྔའི་ནང་དོན་བཅུ་གསུམ་འདུས་ཡོད་ལ། སྐོར་ཞིབ་བྱ་བ་བསྒྲུབ་པའི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན་བཏོན་པ་དང་། སྐོར་ཞིབ་སྒྲིག་གཞིའི་བཀོད་སྒྲིག་དང་སྐོར་ཞིབ་དཔུང་སྡེ་འཛུགས་སྐྲུན་གཏན་འཁེལ་གསལ་བོ་བྱས་པར་མ་ཟད། སྐོར་ཞིབ་ཁྱབ་ཁོངས་དང་སྐོར་ཞིབ་བྱེད་ས། ལྟ་རྟོག་ནང་དོན་བཅས་ཚད་ལྡན་དུ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།