རྡོག་རྩ་གཅིག་སྒྲིལ། རིམས་ནད་ཟློག་སེལ།

1210555284_15867344614451n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར《ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་གཏོང་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་ཟིན་བྲིས》དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ཟླ་ཤས་རིང་ཀྲུང་གོ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་བྱེད་པའི་དོན་དངོས་ཞིབ་གསེད་བྱས་ཏེ་འཛམ་གླིང་ལ་ཁ་གསལ་སྒོ་འབྱེད་དང་། ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པ། རིམས་ནད་མཉམ་འགོག་བཅས་ཀྱི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་བ་རེད། ཞི་ཅིན་ཕིང་གིས་ནད་དུག་ནི་རྒྱལ་མཚམས་མི་དབྱེ་པར་མིའི་རིགས་ཡོངས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། རིམས་ནད་གོ་ལ་ཧྲིལ་པོར་མཆེད་པའི་འགག་རྩའི་དུས་སུ་ཀྲུང་གོའི་སྨན་བཅོས་ཆེད་མཁས་པ་ཚན་ཆུང་ཁག་བགོས་ཀྱིས་འཛམ་གླིང་གི་ས་ཆ་མང་པོའི་རིམས་ནད་འགོག་པའི་འཐབ་ཕྱོགས་དང་པོར་བསྐྱོད་དེ། ས་གནས་དེ་གར་རིམས་ནད་ལ་ཁ་གཏད་གཅོག་རྒྱུར་གཞོགས་འདེགས་བྱས་ཏེ་འཛམ་གླིང་ལ་ཀྲུང་གོས་ཕྱོགས་སོ་སོ་དང་ལག་གདང་སྦྲེལ་ནས་རིམས་ནད་འགོག་པའི་ཆོད་སེམས་བརྟན་པོ་ཁྱབ་བསྒྲགས་བྱས་ཡོད་ཞེས་བསྟན། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།