ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་རྒྱལ་ཡོངས་ཀྱི་ཉེན་ཁ་མི་འདྲ་བའི་ས་ཁུལ་གྱི་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་ཐོན་སླར་གསོ་བྱེད་པ་དང་རིམས་ནད་འགོག་བཅོས་བྱེད་ཐབས་ཀྱི་ཕྱོགས་སྟོན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་རྒྱལ་ཡོངས་ཀྱི་ཉེན་ཁ་མི་འདྲ་བའི་ས་ཁུལ་གྱི་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་ཐོན་སླར་གསོ་བྱེད་པ་དང་རིམས་ནད་འགོག་བཅོས་བྱེད་ཐབས་ཀྱི་ཕྱོགས་སྟོན་འགྲེམ་སྤེལ་བྱས་ཏེ། ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་རིམས་ནད་འགོག་སྲུང་དང་ལས་ཐོན་སླར་གསོ་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། གོ་རིམ་ལྡན་པར་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས་པའི་རེ་བ་བཏོན།

ཕྱོགས་སྟོན་ལས་ཉེན་ཁ་ཧ་ཅང་ཆེ་བ་དང་ཉེན་ཁ་ཅུང་ཆེ་བའི་ས་ཁུལ་གྱིས་ཉེན་ཁ་ཆུང་བའི་ས་ཁུལ་གྱི་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་རིམས་འགོག་བྱེད་ཐབས་དངོས་འབེབས་བྱེད་པའི་རྨང་གཞིའི་སྟེང་། ལས་བཟོ་བའི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཕྱིར་འགྲོ་ནང་ཡོང་མཁན་ཐོ་འགོད་བྱེད་པའི་དོ་དམ་བྱ་བར་ཤུགས་སྣོན་པ་དང་། བྱ་བ་སྒྲུབ་ཡུལ་གྱི་འགོག་སྲུང་བྱེད་ཐབས་དངོས་འབེབ་བཟང་བོ་བྱེད་དགོས། ལས་བཟོ་བས་རང་ཉིད་འགོག་སྲུང་བྱེད་པར་མཛུབ་སྟོན་བྱེད་པ་དང་། རིམས་ནད་འགོག་སྲུང་གི་འཕྲལ་སྒྲུབ་བྱེད་ཐབས་དང་ཐག་གཅོད་བརྒྱུད་རིམ་གཏན་འཁེལ་གསལ་བོ་བྱེད་པ་དང་ལུགས་མཐུན་སྒོས་རྒྱུན་ལྡན་མིན་པའི་གནས་ཚུལ་ཐག་གཅོད་ནན་མོ་བྱེད་དགོས། བྱེ་བྲག་གི་རིམས་འགོག་བྱེད་ཐབས་སྣ་ཚོགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱི་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་ཐོན་སླར་གསོ་བྱེད་པ་དང་རིམས་འགོག་བྱེད་ཐབས་སྐོར་གྱི་ཕྱོགས་སྟོན་གྱི་རེ་བ་ལྟར་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།