ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཝུའུ་ཧན་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་ལས་དོན་མི་སྣ་ཡོངས་ལ་བསྐུར་བའི་འཕྲིན་ལན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཝུའུ་ཧན་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་ལས་དོན་མི་སྣ་ཡོངས་ལ།

ཁྱོད་ཚོ་བདེ་མོ། ང་ཝུའུ་ཧན་ནས་ཕྱིར་ལོག་རྗེས་ཝུའུ་ཧན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་སེམས་ཁྲལ་བྱེད་ཀྱིན་ཡོད། ཁྱེད་ཚོའི་སྡེ་ཁུལ་ཚུད་པའི་ཝུའུ་ཧན་གྱི་སྡེ་ཁུལ་སོ་སོའི་འཚོ་བ་རིམ་བཞིན་རྒྱུན་གཏན་ལྟར་སླར་གསོ་ཡོང་བཞིན་ཡོད་པས་ང་ཧ་ཅང་དགའ་པོ་བྱུང་ཡོད།

སྔར་བྱུང་མ་མྱོང་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཞུགས་པའི་མི་སྣ་དང་མཉམ་དུ་ཉེན་ཁར་མི་སྐྲག་པར་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། ལྷག་པར་དུ་སྡེ་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་རླབས་ཆེན་སྟོབས་ཤུགས་མངོན་ཡོད། ངས་ཁྱེད་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

ད་ལྟ། ཝུའུ་ཧན་དང་ཧུའུ་པའེ་ཡི་བགྲོད་ལམ་གྱི་དོ་དམ་ཚོད་འཛིན་དངོས་སུ་གྲོལ་ཡོད་མོད། འོན་ཀྱང་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ལྷོད་གཡེང་དུ་གཏོང་མི་རུང་། སྡེ་ཁུལ་ནི་སྔར་བཞིན་ཕྱི་འགོག་ནང་མཆེད་དང་ནང་འགོག་བསྐྱར་ལོག་གི་འགོག་སྲུང་འཛིང་རགས་གལ་ཆེན་དེ་ཡིན་པ་དང་། འགག་རྩ་ནི་གནས་བབ་གསར་པའི་འོག་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་ཡིན། ཁྱེད་ཚོས་རྒྱུན་མཐུད་ངང་དམག་འཐབ་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སོ་སོ་དམ་འཛིན་ཞིབ་ཚགས་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་།

2020ལོའི4བའི་ཚེས8ཉིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།